![]() |
གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་དང་ ཨར་མི་ཌ་ལི་ཁྲོམ་སྡེའི་སྤྱི་ཁྱབ་ ཌོག་ཊར་ ཇིམ་ མ་ཧིར་དང་ |
དེ་དང་འབྲེལ་ ཨར་མི་ཌ་ལི་ཁྲོམ་སྡེའི་སྤྱི་ཁྱབ་ ཌོག་ཊར་ ཇིམ་ མ་ཧིར་གྱིས་ རིན་པོ་ཆེ་མཆོག་ལུ་ ཕྱི་རུའི་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་དང་འབྲེལ་ གུས་བཏུད་བཟུམ་ཅིག་སྦེ་ ཨར་མི་ཌ་ལི་གི་ མི་ཁུངས་ལག་ཁྱེར་ཕུལ་ནུག།
རིན་པོ་ཆེ་གིས་འབད་བ་ཅིན་ ཆེ་བསྟོད་ཐོག་ལས་ ཁྲོམ་ཚོགས་ཀྱིས་ དེ་སྦེ་ མི་ཁུངས་ལག་ཁྱེར་ གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་གསུངས་ནུག།
གྲུབ་དབང་ནམ་མཁའི་སྙིང་རིན་པོ་མཆོག་གིས་ ས་གནས་དེ་ནང་སྡོད་མི་ འབྲུག་མི་ཚུ་དང་ གཞན་ཡང་ ནང་པའི་ཆོས་སྒོར་ཞུགས་མི་ཚུ་ལུ་ སྔོན་འགྲོའི་ཁྲིད་ལུང་ ཡོངས་རྫོགས་གནང་ཡོདཔ་མ་ཚད་ ཁ་ཙ་ སིཌ་ནེ་ལུ་ མ་བྱོན་པའི་ཧེ་མར་ འབྲུག་གི་སློབ་ཕྲུག་ཚུ་ལུ་ བཀའ་དབང་དང་ བྱིན་རླབས་ཚུ་གནང་ཡི་ཟེར་ འབྲུག་པའི་སློབ་ཕྲུག་ཚོགས་པའི་མགྲིན་ཚབ་ སངས་རྒྱས་ཀྱིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ རིན་པོ་ཆེ་གིས་ མི་དབང་མངའ་ཞབས་མཆོག་གི་ འཁྲུངས་སྐར་དུས་སྟོན་ནང་ འབྲེལ་གཏོགས་གནང་ནི་དེ་གིས་ སྐལ་བ་བཟང་ཡོདཔ་མ་ཚད་ ཨཱས་ཊེ་ལི་ཡའི་རྒྱལ་ཁབ་དང་ མི་སེར་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཞུ་ནི་གི་ གོ་སྐབས་བཟང་པོ་བྱུང་ཡི་ཟེར ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment