གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་གིས་ ཨ་ཏི་ཤའི་སྐུ་འདྲ་དང་ མཆོད་རྟེན་གསར་བཞེངས་ཀྱི་ འགྱམ་རྡོ་བཙུགས་གནང་ཡོདཔ།


མི་དབང་རྒྱལ་བཙུན་རྣམ་གཉིས་ ཌ་ཀ་ལུ་ ནང་པའི་ལྷ་ཁང་ནང་ ཆིབས་བསྐྱོད་གནང་པའི་བསྒང་།
༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཌ་ཀ་ལུ་ དར་མ་ར་ཇི་ཀ་ བའུ་ད་ བི་ཧ་ར་ཟེར་མི་ ནང་པའི་ལྷ་ཁང་ནང་ བྱོན་པའི་སྐབས་ལུ་ ནང་པའི་མི་སྡེ་གིས་ དགའ་སྤྲོའི་ཐོག་ལས་ ཕེབས་བསུ་ཞུ་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ལྷ་ཁང་དེ་ནང་ ཐུགས་སྨོན་གནང་པའི་ཤུལ་ལུ་ ཆོས་སྡེ་གིས་ དུས་རབས་༡༠ པའི་ ནང་པའི་སློབ་དཔོན་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གི་རིང་བསྲེལ་ སྤུར་ཐལ་ཕུལ་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ ལྷ་ཁང་དེ་ནང་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ སྐུ་རྟེན་དང་ མཆོད་རྟེན་བཞེངས་ནིའི་དོན་ལུ་ འགྱམ་རྡོ་བཙུགས་གནང་ཡོདཔ་ད་ ནང་པའི་མི་སྡེ་གིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ རང་ལུགས་ཀྱི་ སྤྲོ་སྟོན་ལས་རིམ་ཅིག་ སྤྱན་འབུལ་ཞུ་ནུག།
ཕྱི་རུ་ མི་དབང་མཆོག་གིས་ བང་ལ་དེཤ་གི་སྲིད་བློན་ ཨམ་ཤེག་ཧ་སི་ན་དང་ མཇལ་ཕྲད་གནང་པའི་ཤུལ་ལུ་ སྲིད་བློན་གྱིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་དོན་ལུ་ ཚོགས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།
བང་ལ་དེཤ་གི་སྲིད་བློན་ ཤེག་ཧ་སི་ན་དེ་ སྤྱི་ལོ་༢༠༠༩ ལོའི་སྔ་ཆ་ལུ་ སྲིད་བློན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ སྤྱི་ཟླ་༡ པའི་ནང་ འབྲུག་ལུ་ གཟིགས་སྐོམར་གནང་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ ཟླཝ་༤ པའི་ནང་ ཐིམ་ཕུ་ལུ་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཐེངས་༡༦ པ་འཚོགས་གནང་པའི་སྐབས་ལུ་ཡང་ བྱོན་ཡོདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ ཆེ་མཐོའི་དབུ་ཁྲིད་གནས་རིམ་ནང་ ཕན་ཚུན་གཟིགས་སྐོར་གནང་མི་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བང་ལ་དེཤ་གི་ དབུ་ཁྲིད་ཀྱི་བར་ན་ མཛའ་བརྩེ་དང་ མཐུན་འབྲེལ་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཀོད་ཡོད་པའི་གནས་ཚུལ།
མི་དབང་རྒྱལ་བཙུན་རྣམ་གཉིས་ སྲིད་བློན་ཤེག་ཧ་སི་ན་གིས་ཕུལ་མི་ བང་ལ་དེཤ་གི་ རང་ལུགས་གྱོན་ཆས་བཞེས་ཐོག་ལས་ སྲིད་བློན་གྱི་ ཚོགས་སྟོན་ནང་ ལྷན་བཞུགས་གནང་པའི་བསྒང་།

No comments:

Post a Comment