གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨིན་ཊར་ནེཊ་བེང་ཀིང་ཐོག་ ཏི་རུ་བྱང་སྟོར་ཤོར་བའི་རྩོད་དོན་དེ་ མངོན་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༢༢/༢/༢༠༡༣   ༉ འབྲུག་གི་དངུལ་ཁང་ནང་ལས་ གློག་རིག་ཡོངས་འབྲེལ་རྒྱུད་ལམ་གྱི་ དངུལ་འབྲེལ་ཞབས་ཏོག་མཐུན་རྐྱེན་ ཨིན་ཊར་ནེཊ་བེང་ཀིང་ ལམ་ལུགས་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་བའི་རྩོད་དོན་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༡ པའི་ཚེས་༩ ལུ་ འབྲུག་དངུལ་ཁང་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་མ་ཚད་ རྩོད་དོན་དེ་ནང་ ཉེས་འཛུགས་ཅན་ སངས་རྒྱས་བསྟན་འཛིན་གྱིས་ཡང་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
འབྲུག་དངུལ་ཁང་གི་མགྲིན་ཚབ་ དངུལ་ཁང་གི་ ཞིབ་འཚོལ་འགོ་དཔོན་ དངོས་གྲུབ་དཔལ་འབྱོར་གྱིས་སླབ་མིའི་ནང་ དངུལ་ཁང་གིས་ མཐོ་གཏུགས་འབད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་གནང་མིའི་ འཁྲུན་ཆོད་དང་ རྫོང་ཁག་ཁྲིམས་འདུན་ལས་ གནང་མིའི་འཁྲུན་ཆོད་ཀྱི་བར་ན་ ཁྱད་པར་ཐོན་མི་ལུ་བརྟེན་ མཐོ་གཏུགས་འབད་ཡི་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ རྩོད་དོན་དེ་གི་འཁྲུན་ཆོད་ནང་ དངུལ་ཁང་གིས་ ཏི་རུ་བྱང་སྟོར་ཤོར་མི་ལུ་ དངུལ་ཚབ་སྤྲོད་དགོཔ་ད་ ཏི་རུ་ཚུལ་མིན་ཨར་རྐུན་འབད་མི་ལས་ དངུལ་ཁང་གིས་ སླར་ལོག་ལེན་དགོཔ་སྦེ་ བཏོན་གནང་ནུག།
རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་གནང་མིའི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ དངུལ་ཁང་ནང་ལས་ ཡོངས་འབྲེལ་རྒྱུད་ལམ་གྱི་ གསང་ཨང་ལག་ལེན་འཐབ་ཐོག་ལས་ དངུལ་ཨར་རྐུན་འབད་མི་ སངས་རྒྱས་བསྟན་འཛིན་གྱིས་ དངུལ་གྱི་ཇོ་བདག་ བསྟན་འཛིན་དབང་འདུས་ལུ་སྤྲོད་དགོཔ་མ་གཏོགས་ དངུལ་ཁང་གིས་ སྤྲོད་དགོཔ་སྦེ་མེདཔ་ཨིན་པས།
ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ གནང་མིའི་འཁྲུན་ཆོད་ཀྱི་བཀའ་རྒྱ་དང་འཁྲིལཝ་ད་ བསྟན་འཛིན་དབང་འདུས་ཀྱིས་ ཏི་རུ་ འབྲུག་གི་དངུལ་ཁང་གི་ རྩིས་ཁྲ་ནང་བཞག་ཡོད་མི་དེ་ དངུལ་ཁང་ནང་ལས་ བྱང་སྟོར་ཤོར་ཡོདཔ་ལས་ བྱང་སྟོར་ཤོར་དགོ་པའི་འཁྲི་འགན་དེ་ དངུལ་ཁང་ལུ་ཕོག་ནི་དེ་གིས་ བསྟན་འཛིན་དབང་འདུས་ལུ་ དངུལ་ཚབ་དེ་ དངུལ་ཁང་གིས་སྤྲོད་ཐོག་ལས་ བྱང་སྟོར་ཤོར་མི་ཏི་རུ་དེ་ ཉེས་འཛུགས་ཅན་ སངས་རྒྱས་བསྟན་འཛིན་ལས་ དངུལ་ཁང་གིས་ ལེན་དགོཔ་སྦེ་བཀོད་ནུག།
རྩོད་དོན་དེ་ཡང་ ལྷ་འཛིན་པར་སྐྲུན་ལས་སྡེའི་ སྦྱིན་བདག་སངས་རྒྱས་བསྟན་འཛིན་གྱིས་ ལས་སྡེ་དེ་ བསྟན་འཛིན་དབང་འདུས་ལུ་བཙོང་པའི་ཤུལ་ལུ་ ལས་སྡེའི་མིང་ཐོག་ཁར་ཡོད་པའི་ དངུལ་ཁང་གི་རྩིས་དེབ་དེ་ཡང་ བསྟན་འཛིན་དབང་འདུས་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལུ་ སྦྱིན་བདག་གསརཔ་གིས་ རྩིས་དེབ་དེ་ནང་ བསྐྱིན་འགྲུལ་ཐོག་ ལེན་ཡོད་པའི་ མ་དངུལ་ དངུལ་ཀྲམ་ས་ཡ་༣.༩༦༧ བཙུགས་བཞག་མི་ལས་ དངུལ་ཀྲམ་ས་ཡ་༢.༢༣ དེ་ཅིག་ ཨིན་ཊར་ནེཊི་སྦྲེལ་ལམ་ལག་ལེན་ཐོག་ བཏོན་འབག་མི་ལུ་བརྟེན་ བྱུང་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ བསྟན་འཛིན་དབང་འདུས་ཀྱི་ ཏི་རུ་བྱང་སྟོར་ཤོར་མི་ དངུལ་ཀྲམ་ས་ཡ་༢.༢༣ སྐྱེད་དང་སྦྲགས་ཏེ་ དངུལ་ཁང་གིས་སྤྲོད་དགོཔ་ད་ དངུལ་ཁང་གིས་ བསྟན་འཛིན་དབང་འདུས་ལུ་སྤྲོད་མི་དངུལ་དེ་ ཉེས་འཛུགས་ཅན་ སངས་རྒྱས་བསྟན་འཛིན་ལས་ལེན་དགོཔ་སྦེ་ཨིན་པས།
དེ་དང་འབྲེལ་ སངས་རྒྱས་བསྟན་འཛིན་ལུ་ རྫོང་ཁག་ཁྲིམས་འདུན་ལས་ བཙོན་ཁྲིམས་ལོ་༦ གནང་མི་དེ་ཡང་ ལོ་༡ མར་ཕབ་ཐོག་ ལོ་༥ ཉེས་ཁྲིམས་བཙོན་དུ་སྨིན་དགོཔ་སྦེ་ གནང་ཡོདཔ་ཨིན་རུང་ རྩོད་དོན་དེ་གི་གྲོས་ཆོད་དེ་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་ བསྟར་སྤྱོད་འབད་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment