གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་དབང་ཚོགས་པ་ལུ་ འདེམས་ངོ་༧ གྱི་ ངོ་སྤྲོད་འབད་ཚར་ཡོདཔ།

༢༣/༢/༢༠༡༣   འདེམས་ངོ་༣༢ དེ་ཅིག་ གཏན་འཁེལ་འགྱོ་མི་ཚུ་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་འོང་ཟེར་ཨིན་མས།
༉ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ད་རུང་ ཚོགས་པའི་འདེམས་ངོ་ཅིག་ གསལ་བསྒྲགས་འབད་མི་དང་བསྟུན་ ད་ཚུན་གྱི་བར་ན་ འདེམས་ངོ་༧ གྱི་ ངོ་སྤྲོད་འབད་ཚར་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་༣༢ དེ་ཅིག་ གཏན་འཁེལ་སོང་ཡོདཔ་ལས་ ཁོང་གི་མིང་ཚུ་ ཤུལ་མའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།

བཙན་སྐྱོགས་རྡོ་རྗེ།


ཚོགས་པའི་འདེམས་ངོ་༧ པ་ སྤ་རོ་ཤར་པ་-རྡོ་སྒར་ལས་ དོ་འགྲན་འབད་ནི་ཨིན་མི་ བཙན་སྐྱོགས་རྡོ་རྗེ་གིས་ ལྟ་བཤལ་ལག་ལེན་པ་སྦེ་ ལཱ་འབད་བའི་ཁར་ གཞལམ་སྒང་ལུ་ ཁག་འབག་སློབ་དཔོན་སྦེ་ ལོ་ངོ་༢ ཀྱི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
སྲིད་དོན་ནང་ མཐོ་རིམ་ཤེས་ཚད་ལྡན་མི་ སྐྱེས་ལོ་༣༤ ལང་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྤྱི་ཚོགས་དང་པའི་ བཙག་འཐུའི་ནང་ འཛུལ་ཞུགས་འབད་ནི་གི་ མནོ་བསམ་བཏང་ཡོད་རུང་ སྲིད་དོན་གྱི་ གནས་སྟངས་ལེགས་ཤོམ་སྦེ་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ བསྒུགས་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འཛུལ་ནི་གི་ གདམ་ཁ་རྐྱབ་མི་དེ་ཡང་ ཁོ་གིས་ ཚོགས་པའི་ལྟ་བ་ཚུ་ སྤྱིར་བཏང་མི་སེར་ཚུ་ལུ་ ལག་ལེན་འཐབ་ཚུགས་པའི་ འོས་འབབ་ཡོད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ང་ར་ ཕམ་ཉམ་ཆུང་ཅིག་གིས་ གསོ་སྐྱོང་འབད་ཡོདཔ་ལས་ གྲོང་གཡུས་གནས་རིམ་གྱི་ དཀའ་ངལ་དང་ སྐྱིད་སྡུག་ཚུ་ ང་གིས་ ལེགས་ཤོམ་སྦེ་ར་ཤེས་ཟེར་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་པའི་ཁར་ གལ་སྲིད་ ཁོ་ར་ བཙག་འཐུ་གྲུབ་པ་ཅིན་ ཁོ་གིས་ མི་དྲག་ཞན་མེད་པར་ཆ་མཉམ་ལུ་ གོ་སྐབས་འདྲ་མཉམ་བྱིན་ནི་གི་ ལཱ་འབད་འོང་ཟེར་ བཤདཔ་ཨིན་པས།
ཟླཝ་ཧེ་མའི་ནང་ འབྲུག་སྤྱིར་དབང་ཚོགས་པ་གིས་ ལག་ལེན་གྱི་ གནད་དོན་གཙོ་ཅན་༢༥ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཞི་གཡོག་ལེགས་བསྒྱུར་འབད་དགོཔ་ཡོདཔ་ལས་ ཚོགས་པ་གིས་ ཐབས་བྱུས་མང་རབས་ཅིག་གི་སྒོ་ལས་ བལྟ་ཞིབ་འབད་ནི་གི་ མནོ་བསམ་བཏང་དོ་ཟེར་ བཤད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ཡར་རྒྱས་ཀྱི་དོན་ལུ་ ཞི་གཡོག་སྒྲིང་སྒྲིང་དགོཔ་ལས་ ད་ལྟོའི་ལམ་ལུགས་དེ་ བསྒྱུར་བཅོས་རྐྱབ་དགོཔ་འདུག་ཟེར་ ལི་ལི་དབང་ཕྱུག་གིས་ སླབ་ཨིན་པས།
ཞི་གཡོག་དང་འབྲེལ་བའི་ལས་སྣ་ཡར་དྲག་གཏང་ཐབས་ལུ་ ཚོགས་པ་དེ་གིས་ ཐབས་བྱུས་ལེ་ཤ་ཅིག་ བརྩམས་ཏེ་ཡོདཔ་སྦེ་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment