![]() |
མི་དབང་མངའ་ཞབས་མཆོག་གིས་ གཟེངས་བསྟོད་རྟགས་མ་ཐོབ་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་། |
དེ་ཡང་ དྲག་ཁག་གསུམ་གྱི་ དམག་སྡེའི་འགོ་དཔོན་གོངམ་༡༠ ལུ་ དྲག་པོའི་རིན་ཆེན་གཙུག་ཏོར་ཟེར་མི་ གསེར་གྱི་རྟགས་མ་གནང་ཡི།
དེ་ལས་ གཞན་༢༢༩ ལུ་ དྲག་པོའི་ནོར་བུ་འོད་གསལ་ཟེར་མི་ དངུལ་གྱི་རྟགས་མ་གནང་ཡོདཔ་ད་ དེ་གི་གྲངས་སུ་ ཤི་རྐྱེན་བྱུང་མིའི་རྟགས་མ་༣ རྩིས་ཏེ་ དྲག་ཁག་གསུམ་གྱི་ འགོ་དཔོན་དང་ གོ་གནས་ཅན་གྱི་ དམག་མི་༢༡༨ ཚུདཔ་ཨིན་པས།
ད་རུང་ བདེ་སྲུངཔ་༩ དང་ ཞི་བའི་མི་སེར་༢ ལུ་ དངུལ་གྱི་རྟགས་མ་གནང་ཡི།
གཟེངས་བསྟོད་ཀྱི་ རྟགས་མ་ཚུ་ཡང་ རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་དང་ དམ་ཚིག་དཔང་བཙུགས་ དེ་ལས་ རྒྱལ་ཁབ་ལུ་ ཤ་ཞེན་སྐྱེད་དེ་ རང་སྲོག་བློས་བཏང་ཐོག་ལས་ རྒྱལ་གཅེས་རིང་ལུགས་ཀྱི་ མིག་དཔེ་སྟོན་བཏུབ་པའི་ ཁྱད་པར་འཕགས་པའི་ ཕྱག་ཕྱིད་ཞབས་ཏོག་ཞུ་བའི་ ངོས་འཛིན་ལུ་ གནང་ཡོདཔ་ཨིན་པས།
གཟེངས་བསྟོད་རྟགས་མ་ཐོབ་མི་ཚུ་གིས་ རྒྱལ་ཁབ་ལུ་ འགྱུར་ལྡོག་མེད་པའི་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ཕྱིད་ཞུ་མི་ལུ་ མི་དབང་མཆོག་གིས་ ཐུགས་ངལ་རངས་ཡོད་ལུགས་ གསུངས་གནང་པའི་ཁར་ ད་ལས་ཕར་འབད་རུང་ དད་དམ་འགྱུར་བ་མེད་པར་ རྒྱལ་ཁབ་ལུ་ ཕྱག་ཞུ་དགོ་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment