གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༤ པ་ཐོན་ཡོདཔ།

༢༦/༢/༢༠༡༣   ༉ བསམ་རྩེ་རྫོང་ཁག་ལས་ སྐྱེས་ལོ་༤༣ འབད་མི་ གཱ་ནེཤི་ གི་མི་རེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་དོན་ལུ་ དོ་འགྲན་འབད་ནི་ཨིནམ་བཞིན་དུ་ གཱ་ནེཤི་དེ་ རྫོང་ཁག་ནང་ལས་ འཐུས་མི་༤ པ་ཨིན་པས།
གཱ་ནེཤི་ གི་མི་རེ།


ཁོ་གིས་ འགོ་དང་པ་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁོ་ར་གིས་ སྤྲོ་བ་བསྐྱེད་ཡོདཔ་ཨིན་རུང་ འགྲོས་ཀྱིས་སྦེ་ ཁོ་རའི་ནང་མི་ཉེ་ཚན་ཚུ་དང་ ཆ་རོགས་ཚུ་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
གཱ་ནེཤི་གིས་ རྒྱ་གར་ ཀ་ལིམ་པོང་ལས་ མཐོ་རིམ་ཤེས་ཚད་ མཇུག་བསྡུ་བའི་ཤུལ་ལུ་ ཐའི་ལེནཌི་ལུ་ཡོད་པའི་ ན་རེ་སུ་ཝཱན་གཙུག་ལག་སློབ་སྡེ་དང་ ཨཱསི་ཊེ་ལི་ཡ་རྒྱལ་ཁབ་༢ ནང་ལས་ རྒྱལ་སྤྱིའི་ལྟ་བཤལ་དང་བཟའ་ཁང་འཛིན་སྐྱོང་གི་ གཙུག་ལག་མཐོ་རིམ་ཤེས་ཡོན་ མཇུག་བསྡུ་ཡོདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ངོ་༡༨ ཀྱི་རིང་ ལྟ་བཤལ་ལས་སྡེ་ནང་ ཚོང་འབྲེལ་བ་ཅིག་སྦེ་ ཕྱག་ཞུ་ཡོདཔ་ལས་ ད་ལས་ཕར་ འགན་ཁུར་སྲིད་བྱུས་བརྩམ་མི་སྦེ་ ཕྱག་ཞུ་ནིའི་ མནོ་བསམ་བཏང་ཐོག་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ཚུན་ ཚོགས་སྡེའི་དོན་ལུ་ རྫོང་ཁག་ནང་ལས་ མི་ངོ་༣ ཐོན་ཚར་ཡོདཔ་ཨིན་རུང་ ཁོ་གིས་ཡང་ བཅའ་མར་གཏོགས་མི་དེ་ དམངས་གཙོའི་རྒྱལ་ཁབ་འདི་ནང་ མི་སེར་ཚུ་གིས་ དམངས་གཙོའི་ལམ་ལུགས་ཐོག་ལས་ རང་སོའི་འགོ་ཁྲིདཔ་ དྲག་ཤོས་ཚུ་ གདམ་ཁ་རྐྱབ་ཚུགསཔ་ བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ ཁོ་རའི་ ཚོང་འབྲེལ་ལས་སྡེ་དེ་ ལེགས་ལྡན་བཟོ་དགོཔ་ཐོན་མི་ལུ་བརྟེན་ སྤྱི་ལོ་༢༠༠༨ ཀྱི་ སྤྱི་ཚོགས་བཙག་འཐུ་དང་ ས་གནས་གཞུང་གི་ བཙག་འཐུ་ཚུ་གི་སྐབས་ལུ་ཡང་ འབྲེལ་གཏོགས་འབད་མ་ཚུགས་ཟེར་ཨིན་པས།
ཨ་ལུ་༣ གྱི་ ཨ་པ་ཨིན་མི་ གཱ་ནེཤི་ གི་མི་རེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ རྩ་བ་༣ ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ནིའི་ རེ་བ་ཡོད་ཟེར་ཨིནམ་མ་ཚད་ ཁོ་གིས་ གཞུང་ལུ་ གྲོས་བསྟུན་དང་ རྒྱབ་སྐྱོར་འབད་ཐོག་ལས་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་དྲགས་ཡོད་པའི་ དཀའ་ངལ་གྱི་གནད་དོན་ཚུ་ བསལ་ཚུགསཔ་བཟོ་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ དགའ་སྐྱིད་ཀྱི་གཞི་རྩ་ལུ་ དམིགས་གཏད་བསྐྱེད་དེ་ རྒྱལ་ཁབ་ཀྱི་ཁྲིམས་དང་ བཅའ་ཁྲིམས་ཚུ་ ལེགས་བཅོས་འབད་དེ་ འདྲ་མཉམ་དང་ དྲང་བདེན་གྱི་ཐོག་ལས་ ལཱ་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་དང་ གསར་བརྩམ་འབད་ནི་ཨིན་མི་ གཞུང་གི་ཁྲིམས་ཚུ་ མི་སེར་ཚུ་ལུ་ འོས་འབབ་དང་ བྱ་སྟབས་བདེ་ཧིང་ ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་འཚོལ་ཚུ་ཡང་ འབད་ནིའི་འཆར་གཞི་ཡོད་ཟེར་ སླབ་ཨིན་པས།
གཱ་ནེཤི་གིས་ སླབ་མིའི་ནང་ ཁོ་ར་ འབྲུག་རྒྱལ་ཁབ་ཀྱི་ མི་ཁུངས་ཅིག་འབདཝ་ལས་བརྟེན་ དེ་བཟུམ་མའི་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་པའི་ འགན་ཁུར་ཕོག་ཡི་ཟེར་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment