གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱོད་ངན་འབད་མི་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ།

༢༡/༢/༢༠༡༣   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༦ ལང་མི་ དམ་ཆོས་རིན་ཆེན་གྱིས་ ཁོ་རའི་ གནས་ཚང་ལུ་ གནོད་སེམས་གྱི་ སྤྱོད་ངན་འབད་མི་ལུ་ བཙོན་ཁྲིམས་ཟླཝ་༢ དང་ རྒུད་འཐུས་ཚུ་ བཏབ་དགོ་པའི་ འཁྲུན་ཆོད་གནང་ནུག།


དེ་ཡང་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༢ ལུ་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ཐིམ་ཕུ་ན་གཞོན་དཔལ་རིའི་ ས་ཁོངས་ནང་ ཉེས་ཅན་དམ་ཆོས་རིན་འཛིན་གྱིས་ ཆང་འཐུང་ཡོདཔ་མ་ཚད་ ཁོ་རའི་ གནས་ཚང་གི་ དཀྱི་ར་༨ དེ་ཅིག་ མེ་བཏང་ཡོདཔ་ཨིན་པས།
ཉེས་ཅན་གྱིས་འབད་བ་ཅིན་ དེ་ཚེ་ནུབ་མོ་ ཁོང་ཁྲོ་ལང་པའི་ཤུགས་ཀྱིས་ དངུལ་ཀྲམ་བསྡོམས་༡༠,༩༥༠ དེ་ཅིག་གནས་པའི་ ཁོ་རའི་གནས་ཚང་གི་ དཀྱི་ར་༨ དེ་ཅིག་ མེ་བཏང་མི་དེ་ ངེས་བདེན་ཨིན་ཟེར་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ དམ་ཆོས་རིན་ཆེན་གྱིས་ འདི་བཟུམ་མའི་ ལཱ་འབད་མི་དེ་ འགོ་དང་པ་ཨིནམ་མ་ཚད་ བཟའ་ཚང་སྤྱི་རུབ་ཐོག་ལས་ བསྒྲུབས་བསྒྲུབ་པའི་གྱོན་ཆས་ཨིནམ་ལས་ ཁོ་ལུ་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོད་མི་དེ་ ཁོ་ར་ འཛིན་བཟུང་འབད་བའི་ ཉིན་མ་ལས་རྩིས་ཏེ་ དོ་དམ་འོག་ལུ་ ཞག་གྲངས་༢༣ སྡོད་པའི་ལྷག་ལུས་དེ་ ཁྲིམས་འཐུས་དངུལ་ཀྲམ་༣,༧༠༠ བཏབ་ཐོག་ལས་ འཐོན་འགྱོ་ཆོགཔ་ཨིན་པས།
ཨིན་རུང་ ཁོ་རའི་ གནས་ཚང་གི་དཀྱི་ར་༨ དེ་ཅིག་ མེ་བཏང་མི་ཚུ་གི་ རྒུད་འཐུས་དངུལ་ཀྲམ་༨,༧༠༠ འཁྲུན་ཆོད་བཏོན་པའི་ཞག་གྲངས་༡༠ གྱི་ ནང་འཁོད་ལུ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment