![]() |
ཚོགས་པ་འཆི་མེད་ཚེ་རིང་དེ་ ཐིམ་ཕུའི་ཁྲོམ་དཔོན་ལུ་ སྙན་ཞུ་འབད་ནིའི་དོན་ལུ་ སྒོ་ཁར་ |
དེ་ཡང་ དཔེ་འབད་བ་ཅིན་ ཐིམ་ཕུ་གཟི་ལུང་ཁ་ལུ་ མི་མང་གི་ འབའ་ཐང་དེ་ནང་ དུས་རྒྱུན་དུ་ མདའ་རྩེད་འགྲན་བསྡུར་འབད་མི་ལུ་བརྟེན་ ཉེ་འདབས་ལུ་ སྡོད་མི་ཚུ་ལུ་ མདའ་ཕོག་ནི་གི་ གནོད་ཉེན་ཡོདཔ་ལས་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ གཟི་ལུང་ཁའི་ཚོགས་པ་ འཆི་མེད་ཚེ་རིང་གིས་ ཁོ་གི་ ཁྱིམ་གྱི་སྦོ་ལོགས་ཁར་ཆགས་མི་ མདའ་ཡ་གསུམ་འཐུ་འབག་སྟེ་ ཐིམ་ཕུའི་ཁྲོམ་དཔོན་ཡིག་ཚང་ནང་ སྙན་ཞུ་འབད་བར་ འོང་མི་དེ་ཡང་ གལ་སྲིད་ མདའ་གིས་ མི་ལུ་ ཕོག་པ་ཅིན་ མདའ་རྩེད་འགོ་འདྲེན་འཐབ་མི་དང་ མདའ་རྩེདཔ་ལུ་ ཉེན་ཁ་དང་ འགན་འཁྲི་བཀལ་དགོཔ་སྦེ་ ཁྲོམ་དཔོན་ལུ་ ཞུ་བ་ཕུལ་བར་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཉེན་ཁ་ཚུ་ མདའ་རྩེདཔ་ཚུ་ལུ་ཡང་ བཀལ་ནི་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment