གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རིག་བརྒྱ་འཁོར་དུས་སྟོན་བརྩི་སྲུང་ ཧཱ་ལུ་སྦེ་ མཇུག་བསྡུ་ཡོདཔ།

༢༢/༢/༢༠༡༣   ༉ ཁ་ཙ་ ཧཱ་ལུ་ གོང་གཟིམ་ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ཐེངས་༣༣ པ་ བརྩི་སྲུང་ཞུཝ་དང་འབྲེལ་ དམིགས་བསལ་དུ་ རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་ འགོ་བཙུགས་ཏེ་ མི་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།
ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ འགྲེམས་སྟོན་ཁང་ནང་ གཟིགས་ཞིབ་གནང་པའི་བསྒང་།


དུས་སྟོན་བརྩི་སྲུང་དེ་ ཧཱ་ལུ་སྦེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ སློབ་གྲྭ་འགོ་དང་པ་ ཧཱ་ལུ་ གཞི་བཙུགས་འབད་ནི་དེ་གིས་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༥ ལུ་ ཧཱ་རྫོང་ཁག་ནང་ ཁཝ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ རྟེན་འབྲེལ་བརྩི་སྲུང་གི་དོན་ལུ་ གུར་སྤུབས་བཞག་མི་ཚུ་ག་ར་ མེདཔ་བཏང་ཡོདཔ་ཨིན་རུང་ རྟེན་འབྲེལ་བརྩི་སྲུང་གི་དོན་ལུ་ བར་ཆད་མ་རྐྱབ་ཨིན་པས།
ཧཱ་རྫོང་ཁག་གི་ ཤེས་རིག་འགོ་དཔོན་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཁཝ་རྐྱབ་མི་དེ་ རྟེན་འབྲེལ་བཟང་ནུག་ཟེར་ཨིན་པས།
ཧཱ་གི་ རྒས་ཤོསམ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧཱ་ལུང་གཤོང་ནང་ ཁཝ་ཤུགས་སྦེ་མ་རྐྱབ་པར་ ལོ་ངོ་༣༥ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།
རྟེན་འབྲེལ་བརྩི་སྲུང་གི་དོན་ལུ་ སྐུ་མགྲོན་གཙོ་བོ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་གིས་ ཨ་ལུའི་རྩེད་ཐང་དང་ ཤེས་རིག་འགྲེམས་སྟོན་ཁང་ དེ་ལས་ ཤེས་རིག་གཞི་བཙུགས་འབད་དེ་ ལོ་བརྒྱ་འཁོར་བའི་རྗེས་དྲན་མཆོད་རྟེན་ཚུ་ སྒོ་འབྱེད་གནང་ཡི།
ཤེས་རིག་འགྲེམས་སྟོན་ཁང་ནང་ པར་བསྡོམས་༡༠༧ ཡོད་མིའི་གྲངས་སུ་ ཧེ་མ་ལས་ བསྡུ་ལེན་འབད་དེ་ཡོད་མི་ པར་རྙིངམ་༦༠ དེ་ཅིག་ཡོདཔ་ཨིན་པས།
ཤེས་རིག་རྗེས་དྲན་མཆོད་རྟེན་གུ་ ཧཱ་གི་སློབ་ཕྲུག་ འགོ་དང་པམ་ཚུ་གི་མིང་དང་ སློབ་གྲྭ་ནང་ལས་ འགོ་དང་པ་ མཐར་འཁྱོལ་ཏེ་ བུམ་ཐང་ལུ་འགྱོ་མི་ སློབ་ཕྲུག་ཚུ་གི་ མིང་ཐོ་བཀོད་དེ་འདུག།
ཧཱ་རྫོང་ཁག་གི་ ཤེས་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ཤེས་རིག་གཞི་བཙུགས་འབད་དེ་ ལོ་བརྒྱ་འཁོར་བའི་དུས་སྟོན་ བརྩི་སྲུང་འབད་མི་དེ་གིས་ ཤེས་རིག་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཧ་གོ་ཚུགས་པས་ཟེར་ཨིན་པས།
ཤེས་རིག་ལོ་བརྒྱ་འཁོར་བའི་དུས་སྟོན་ནང་ བཀའ་དྲིན་རྗེས་དྲན་ཞུ་མི་ སྐྱེས་ལོ་༦༥ ལང་མི་ ཨམ་ཟླཝ་བཟང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་སྐབས་ལུ་དང་ཕྱདཔ་ད་ ད་རེས་ནངས་པའི་ ཨ་ལུ་ཚུ་ སྐལ་བ་བཟང་ནུག་ཟེར་ཨིན་པས།
ཧེ་མ་ ཁོང་གི་སྐབས་ལུ་ ཕམ་ཚུ་གིས་ ཨ་ལུ་ཚུ་ སློབ་གྲྭ་ནང་ བཙུགས་ནི་ལས་ཕངས་ཏེ་ སྐྱིད་སྡུག་ཞུ་ཞིནམ་ལས་ ཁྱིམ་ནང་ ཕམ་གྱི་ཆ་རོགས་འབད་མི་སྦེ་ བཞགཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ སློབ་གྲྭ་གཅིག་ནང་ལས་ གཞན་ཁར་ གནས་སོར་འགྱོ་བའི་སྐབས་ ཉིནམ་༧ དེ་རེ་ རྐང་སྟོང་འགྱོ་དགོ་ནི་དེ་གིས་ དཀའཝ་སྤྱདཔ་ཨིན་ཟེར་ཨིན་པས།
མོ་གིས་ སློབ་རིམ་༧ པ་ཚུན་ དཔེ་ཆ་ལྟ་བའི་ཤུལ་ལས་ མོ་རའི་ ཨའི་གཟུགས་མ་བདེཝ་ཐོན་ནི་དེ་གིས་ འཕྲོ་མཐུད་དེ་ དཔེ་ཆ་ལྟ་མ་ཚུགསཔ་ལས་བརྟེན་ ད་ལྟོ་ སོ་ནམ་ཞིང་ལཱ་འབད་དེ་ སྡོད་དོ་ཟེར་ སླབ་ཨིན་པས།
ཨིན་རུང་ མོ་གིས་ ཤེས་རིག་གི་སྙིང་བཅུད་ ཧ་གོ་མི་ལུ་བརྟེན་ མོ་རང་ལུ་ ཨ་ལུ་༥ ཡོད་ས་ལས་༣ ལུ་ ཤེས་ཡོན་ཚུ་ མ་བཏུབ་བཏུབ་སྦེ་ སྤྲོད་ཚུགས་ཅི་ཟེར་ཨིན་པས།
ཧཱ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ཅིག་ སྐྱེས་ལོ་༦༣ ལང་མི་ ཨམ་ལྷ་སྒྲོན་བཟངམོ་ཨིནམ་ད་ མོ་གིས་ སྤྱི་ལོ་༡༩༥༡ ལུ་ སློབ་གྲྭ་ནང་ འཛུལ་ཡོདཔ་ཨིན་པས།
ཨམ་ལྷ་སྒྲོན་བཟངམོ་གིས་ འབད་བ་ཅིན་ མོ་གིས་ དཔེ་ཆ་ལྟ་ཞིནམ་ལས་ གཞུང་ལུ་ ལོ་༤༠ དེ་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༡ ཟླ་༡ པའི་ནང་ དགོངས་ཞུ་འབད་ཡི་ཟེར་ཨིན་པས།
ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ རྫོང་ཁག་༢༠ གི་ ཤེས་རིག་འགོ་དཔོན་ཚུ་དང་ ཧེ་མ་ སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཧཱ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ཅིག་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཧེ་མ་ སྦ་སྒོར་ནང་ལས་ དཔེ་ཆ་ལྷབ་མི་ སླབ་ཕྲུག་མང་ཤོས་ཅིག་གིས་ གཞུང་ཞབས་ལུ་ ཕྱག་ཞུ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment

Post a Comment