གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒཔོ་བརྡུང་རྫོབ་འབད་མི་ བུཚ་གཞན་འཛིན་བཟུང་འབད་ཡོདཔ།

༢༨/༢/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ དགེ་ལེགས་ཕུག་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཅིག་ལུ་ བརྡུང་རྫོབ་འབད་དེ་ བྱོག་སོང་མི་ ཕོ་སྐྱེས་དེ་ སྤྱི་ཟླ་༢ པའི་ཚེས་༢༥ འི་ཕྱི་རུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༡༨ ཀྱི་ནུབ་མོར་ དགེ་ལེགས་ཕུག་ཁྲོམ་ལས་ གཞལམ་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ དཔལ་རི་ཐང་ སྟོད་སྤྱི་འོག་ལུ་སྡོད་མི་ སློབ་ཕྲུག་བུཚ་ཅིག་གིས་ དགེ་ལེགས་ཕུག་གི་རྒཔོ་ བཀྲིས་ལུ་ བརྡུང་རྫོབ་འབད་ནིའི་ དཔའ་བཅམ་འབདཝ་ད་ གཞན་མི་དེ་གིས་ མཛོག་བླུགས་བྱིན་ཡོདཔ་ཨིན་པས།
སློབ་གྲྭ་ནང་ལས་ ཐོན་སྡོད་མི་ བུཚ་སྐྱེས་ལོ་༢༣ ལང་མི་དེ་ ཁྲིམས་སྲུང་འགག་པ་གིས་ དེ་འཕྲོ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ ནུ་ཅུང་ཕོག་ནི་ཨིན་མི་ བུཚ་སྐྱེས་ལོ་༢༠ ལང་མི་དེ་ བྱོག་ཡར་སོཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དོགས་པ་ཅན་དེ་ བྱོག་སོང་མིའི་སྐོར་ལས་ ས་གནས་ཀྱི་ མི་ཚུ་ལུ་ བརྡ་སླབ་མི་ལུ་བརྟེན་ བུཚ་ཁོ་ར་ གདོང་ཁར་ཐོན་འོང་ནུག་ཟེར་ཨིན་པས།
ད་ལྟོ་ དོགས་ཅན་༢ ཆ་ར་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ དྲི་དཔྱད་འབད་ནི་འགོ་བཙུགས་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

རྒཔོ་བཀྲ་ཤིས་ཀྱིས་ འདས་པའི་དྲི་བཀོད་ནང་ སླབ་མིའི་ནང་ དེ་ཚེ་ནུབ་མོ་ ཆུ་ཚོད་༡༡.༣༠ དེ་ཅིག་ཁར་ ཁོ་གི་ ཁྱིམ་གྱི་ལྟག་ལས་ སྐད་མ་འདྲཝ་ཅིག་ གོ་ནི་དེ་གིས་ བཙན་ཁྲིད་རེ་འབདཝ་མེན་ན་མནོ་སྟེ་ ཁྱིམ་ནང་ལས་ཐོན་ཏེ་ ལྟ་བ་སོངམ་ད་ བུཚ་༢ སྐད་རྐྱབ་སྡོད་ནུག་ཟེར་ཨིན་པས།

ཁོ་གིས་ ད་རེས་ནངས་པའི་ དགེ་ལེགས་ཕུག་གི་ སྲུང་སྐྱོབ་གནས་སྟངས་སྐོར་ལས་ སླབ་པའི་སྐབས་ སྐྱེས་ལོ་༢༣ ལང་མི་ བུཚ་དེ་གིས་ ཁོ་ལུ་ གདོང་རྒོལ་འབད་མི་ལུ་བརྟེན་ ཁོ་གིས་ བཟུང་བཞག་ཡོད་རུང་ ནུབ་མོ་ནག་དུང་ནང་ བུཚ་གཞན་དེ་གིས་ རྒྱབ་ཁ་ལས་སྦེ་ ཁོ་གི་ལྷ་པ་གུ་ མཛོག་ཕོག་ཅིག་ བླུགསཔ་ལས་ གདོང་ག་ར་ཁྲག་གིས་ གང་སོ་ཡི་ཟེར་ཨིན་པས།

ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ བྱ་ངན་འབད་མི་ ཕོ་རྒནམོ་དེ་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ ཁོ་གི་ ཕོ་སྤུན་སློབ་རིམ་༩ པ་ལས་ ཐོན་སྡོད་མི་དེ་ བྱོག་ཡར་སོཔ་ཨིན་པས།

བསམ་རྩེ་རྡོ་རོ་ཁ་ལས་ཨིན་མི་ ཕོ་སྐྱེས་༢ པོ་དེ་ འཕྲལ་ཁམས་ཅིག་ཁར་ ཁོང་གི་ སྤུན་ཆ་དང་གཅིག་ཁར་ དགེ་ལེགས་ཕུག་ལུ་ སྡོད་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment