![]() |
མི་དབང་མཆོག་གིས་ ནདཔ་ཨ་ལུ་ཅིག་དང་ ཞལ་འདྲིས་གནང་པའི་བསྒང་། |
དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ དགེ་སློང་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ དགེ་འདུན་སློབ་གྲྭ་ལུ་ གསོལ་རས་གནང་ཡོདཔ་བཞིན་དུ་ དགེ་སློང་ཚུ་གིས་ མི་དབང་མངའ་ཞབས་མཆོག་ལུ་ ཞབས་བརྟན་ཕུལ་ནུག།
དེ་གི་ཤུལ་ལས་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལུའི་ནད་ཁང་ནང་ ཆིབས་བསྐྱོད་གནང་སྟེ་ ཨ་ལུ་ཚུ་དང་གཅིག་ཁར་ མངར་ཟས་ཀེག་བཞེས་གནང་ཡོདཔ་མ་ཚད་ ཨ་ལུ་ཚུ་ལུ་ རྩེད་ཆས་དང་ གསོལ་རས་གཞན་ཚུ་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ སྨན་ཁང་དེ་ནང་ཡོད་པའི་ ནད་པའི་མགྲོན་ཁྱིམ་ནང་བྱོན་ཏེ་ ནདཔ་དང་ ཁོང་གི་ཉེ་ཚན་ཚུ་དང་ མཇལ་ཕྲད་གནང་ནུག།
ནད་པའི་མགྲོན་ཁྱིམ་དེ་ནང་ ཐིམ་ཕུ་ལུ་ སྡོད་ས་མེད་པར་ ཡུན་རིངམོ་སྦེ་ སྨན་བཅོས་འབད་དགོ་མི་དང་ བདག་འཛིན་འཐབ་མི་ ག་ཡང་མེད་མི་ནདཔ་ཚུ་ བཞག་དོ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment