གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱི་གསོབ་ཡོད་མི་ ཨམ་སྲུ་ཅིག་ སྨན་བཅོས་འབད་བའི་བསྒང་ཡོདཔ།

༢༥/༢/༢༠༡༣   ༉ ཐིམ་ཕུ་ དཀར་སྦིས་ས་ལས་ཨིན་མི་ ཨམ་སྲུ་ཅིག་ལུ་ ཨ་རོགས་དགའ་རོགས་ཀྱིས་ སྤུ་ན་ཁ་ལུ་སྦེ་ སྤྱི་ཟླ་༢ པའི་ཚེས་༢༡ གི་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ གྱི་གསོབ་ཡོདཔ་ལས་ ད་རེས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།


སྤུ་ན་ཁ་ལས་ཨིན་མི་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ སྤུ་ན་ཁའི་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༣༨ ལང་མི་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ མོ་རའི་ ཨ་རོགས་དགའ་རོགས་དང་གཅིག་ཁར་ ཁ་ཤགས་རྐྱབ་པའི་ཤུལ་ལུ་ སྤུ་ན་རྫོང་ནང་ ཚེས་བཅུ་མཇལ་བར་འགྱོ་བའི་སྐབས་ ཁོང་གཉིས་ ཁ་སླབ་ནི་མེད་ཟེར་ཨིན་པས།
ཨིན་རུང་ མོ་ར་ ཚེས་བཅུ་མཇལ་སྡོད་པའི་སྐབས་ ཕོ་སྐྱེས་དེ་གིས་ མོ་ལུ་ ཁྱོད་བསད་ནི་ཟེར་ འགྲུལ་འཕྲིན་ཚར་ལེ་ཤ་ཅིག་ར་ བཏང་པའི་ཤུལ་ལུ་ མོ་གིས་ འགྲུལ་འཕྲིན་མོ་བཱ་ཡེལ་དེ་ སུ་འིཆ་ཨཱོཕ་རྐྱབ་བཞག་ཅི་ཟེར་ཨིན་པས།
དེ་ལས་ མོ་ར་ ཚེས་བཅུ་མཇལ་ས་ལས་ ལོག་སྤུ་ན་ཁ་ ལྕང་ཡུལ་ལུ་ ཆ་རོགས་སྡོད་སར་འགྱོ་བའི་སྐབས་ མོ་རའི་ སྣུམ་འཁོར་ཀཱར་ ཨཱལ་ཊོ་དེ་ ཕྱི་ཁར་བཞག་སྟེ་ མོ་རའི་བུམོ་ཆུང་ཤོས་དེ་ ཁྱིད་སོང་ཡི་ཟེར་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ ཆ་རོགས་ཀྱི་ཁྱིམ་ནང་ལས་ ཐོན་ལྟཝ་ད་ མོ་གི་ ཨ་རོགས་དགའ་རོགས་བཟུམ་ཅིག་ སྣུམ་འཁོར་ཝེ་གཱོན་ཨར་ཅིག་གི་ སྦོ་ལོགས་ཁར་ ཆ་རོགས་ཅིག་དང་ ཁ་སླབ་སྡོད་སར་ མཐོང་ཅི་ཟེར་ཨིན་པས།
ཨིན་རུང་ མོ་གིས་ མ་མཐོང་རྫུས་བཏབ་སྟེ་ འགྱོ་བའི་སྐབས་ མོ་གི་སྣུམ་འཁོར་ ཨཱལ་ཊོ་གི་ འཁོར་ལོ་ག་ར་ གྱི་ཅུང་གིས་ དོང་སྤེད་ཡོདཔ་མཐོང་ནུག།
དེ་ཅིག་བར་ན་ དོགས་ཅན་ཕོ་སྐྱེས་དེ་གིས་ གྱི་ཅུང་འབལ་འབག་འོང་ཞིནམ་ལས་ མོ་ལུ་ གནད་དོན་ག་ཅི་ལུ་བརྟེན་ འགྲུལ་འཕྲིན་ནང་ ལན་རྐྱབ་མ་ཚུགསཔ་སྨོ་ཟེར་སླབ་སྟེ་ མོ་བདའ་འོང་ཞིནམ་ལས་ ཨ་བུ་གུ་ གྱི་ཅུང་གསོབ་བྱིན་ཡི་ཟེར་ཨིན་པས།
དེ་མ་ཚད་ མོ་གི་ལགཔ་༢ ཆ་ར་གུ་ གྱི་ཅུང་གསོབ་པའི་ཤུལ་ལས་ མོ་གིས་ ས་སྤག་ཅུང་ཅིག་ ས་ཁ་ལས་འཐུ་ཞིནམ་ལས་ ཁོ་གི་དཔྱལཝ་གུ་ བླུགས་བྱིནམ་ད་ ས་གོ་ནང་ར་ འགྱེལ་སོ་ཡི་ཟེར་ཨིནམ་ད་ དེ་ཅིག་བར་ན་ མོ་གི་ཆ་རོགས་ཀྱིས་ ཁོ་བཟུང་བཞག་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ མོ་གི་ཆ་རོགས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ ཧེ་མ་ལས་ར་ མིག་སེར་ལྟ་སྟེ་ མོ་ལུ་ ཧད་བཏགས་འཚོལ་སྡོད་མི་ཅིག་ཨིན་རུང་ གྱི་ཅུང་འབག་སྟེ་ ད་ལྟོ་ཚུན་ཚོད་ དེ་སྦེ་ མ་འོང་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ཚེ་ ཁོ་ སྨྱོ་རྫས་ཀྱིས་ ར་བཟི་སྟེ་ འོང་འོངམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་མ་ཚད་ མོ་གི་བུམོ་ཡང་ བསད་ནི་ཨིན་ཟེར་སླབ་སྟེ་ བདའ་འོངམ་ད་ བུམོ་ཅུང་དེ་ཡང་ གཟུགས་ཁར་རྨ་སྐྱོན་དུམ་གྲ་ཅིག་ བཏོན་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ལུ་ ཧེ་མའི་རྨགཔ་ལས་ ཨ་ལུ་༣ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment