གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་༣ པ་གིས་ཡང་ ས་མཚམས་སྲུང་སྐྱོབ་ལུ་ གཙོ་རིམ་བཟུང་ནི།

༢༦/༢/༢༠༡༣   ༉ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ས་མཚམས་སྲུང་སྐྱོབ་གནད་དོན་ལས་ དམིགས་བསལ་དུ་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་མི་སེར་ བཙན་ཁྲིད་འབད་བའི་དཀའ་ངལ་ཚུ་ བསལ་ནིའི་ཡུན་ཐུབ་ཀྱི་ ཐབས་ལམ་གཏོན་ནི་ལུ་ དཱན་ཀུ་མར་བཱསི་ནེཊ་གིས་ གཙོ་རིམ་བཟུང་ནི་ཨིན་པས།
དཱན་ཀུ་མར་ བཱསི་ནེཊ།


དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་ཨིན་མི་ དཱན་ཀུ་མར་ བཱསི་ནེཊ་གིས་ ཐབས་ལམ་༡ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ནང་ མི་རློབས་མངམ་སྦེ་ཡོད་མི་ཚུ་ལུ་ ས་མཚམས་ཀྱི་ ཕྱི་ཁའི་མི་ངན་ཚུ་ལས་ གནོད་ཉེན་ག་དེ་ཉུང་ཉུང་བཟོ་ནི་དང་ རྒྱ་གར་གྱི་ སྲུང་སྐྱོབ་དམག་མི་ཚུ་ལུ་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོ་པའི་ ཞུ་བ་འབད་ནི་དེ་ཨིན་ཟེར་ སླབ་ཨིན་པས།
སྲུང་སྐྱོབ་ཀྱི་ཤུལ་ལས་ གནད་དོན་སྦོམ་ཤོས་གཞན་དེ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ད་ དཱན་ཀུ་མར་བཱསི་ནེཊི་གིས་འབད་བ་ཅིན་ ལཱ་གཡོག་གི་ དཀའ་ངལ་བསལ་ནི་གི་ ཐབས་ལམ་ཅིག་ སློབ་ཕྲུག་ཚུ་ གནས་སྐབས་ཅིག་གི་ ལཱ་ཚུ་ནང་ འབྲེལ་འཛིན་འབད་བཅུག་དགོ་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ དཱན་ཀུ་མར་ བཱསི་ནེཊི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་པ་ཚུ་ལུ་ དཀའ་ངལ་སྦོམ་ཤོས་ར་ སྐྱེལ་འདྲེན་དང་ མཛོད་ཁང་གི་ མཐུན་རྐྱེན་ཚུ་ནང་ བྱུང་དོ་ཡོདཔ་ལས་ དེ་ཚུ་ བསལ་ཐབས་འབད་ནི་ཟེར་ཨིན་པས།
ང་བཅས་ཀྱི་ རྒྱལ་ཡོངས་ཚོགས་སྡེ་དང་པའི་ འཐུས་མི་ཚུ་གིས་ ཕྱག་ལཱ་ལེགས་ཤོམ་མཛད་དེ་ ང་བཅས་ཆ་ཁྱབ་ གོམ་པ་མདུན་ཕྱོགས་ལུ་ སྤོ་ནི་གི་ ལམ་ལེགས་ཤོམ་བརྫང་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ད་ལྟོ་ གོ་གནས་གུ་ཡོད་མི་ ཚོགས་སྡེའི་འཐུས་མི་མ་རྩིས་བར་ དཱན་ཀུ་མར་ བཱསི་ནེཊི་གིས་ གསར་སྤང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ཐོན་མི་ འདེམས་ངོ་རང་གུ་པ་ཏི་ སུ་བི་རི་དང་ དཱན་བྷ་དུར་མོང་སྒར་༢ དང་ དོ་འགྲན་འབད་ནི་ཨིན་པས།
སློབ་གྲྭའི་སློབ་དཔོན་སྦེ་ ལོ་༤ གི་རིང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ དཱན་ཀུ་མར་ བཱསི་ནེཊི་གིས་ མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་དང་གཅིག་ཁར་ འབྲེལ་བ་འཐབ་ཐངས་ཚུ་ ལྷབ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་ཅིག་ཨིན་མི་ ཁོ་རའི་ ཨ་པ་གིས་ བཙག་འཐུའི་བྱ་རིམ་འགོ་འདྲེན་འཐབ་རན་མི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་དགོཔ་སྦེ་ སེམས་ཤུགས་བསྐྱེད་བཅུག་ཅི་ཟེར་ཨིན་པས།
དཱན་ཀུ་མར་ བཱསི་ནེཊི་དེ་ ད་ལྟོ་ ཨཱསི་ཊེ་ལ་ཡ་ལུ་ རྒྱལ་སྤྱི་ཚོང་རིག་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་པའི་བསྒང་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ལེ་ཤ་ཅིག་གིས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ ལཱ་དང་འགན་ཁུར་ག་ཅི་ཨིན་ན་ ད་ལྟོའི་བར་ན་ཡང་ མགུ་འཐོམ་སྟེ་ཡོདཔ་ལས་ ཁོ་གིས་ ཚོགས་ཁང་༢ ཀྱི་བར་ན་ ཁྱད་པར་ག་ཅི་ཡོདཔ་ཨིན་ན་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནི་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment