གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ རྒྱལ་སྤྱིའི་སྤྱི་ཚོགས་ནང་ འཐུས་མི་སྦེ་འཛུལ་ཞུགས་འབད་ནི།

༢༢/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་པའི་སྐབས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་སྤྱིའི་སྤྱི་ཚོགས་མཐུན་ཚོགས་ནང་ འཛུལ་ཞུགས་འབད་ནི་ལུ་ གྲོས་ཐག་བཅད་གནང་ཡི།


རྒྱལ་སྤྱི་མཐུན་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ ལྷུན་རྩེའི་འཐུས་མི་ ཀརྨ་རང་གྲོལ་གྱིས་ གྲོས་དོན་དེ་ ཕུལ་བའི་སྐབས་ རྒྱལ་སྤྱིའི་སྤྱི་ཚོགས་མཐུན་ཚོགས་ནང་ འཛུལ་བའི་སྐབས་ ལོ་བསྟར་འཛུལ་འཐུས་ སུ་ཡིསི་ ཕེ་རེངཀ་༡༠,༩༠༠ རེ་ ཕོག་ནི་ཨིན་རུང་ དེ་ལུ་བརྟེན་པའི་ཕན་པ་ཚུ་ དེ་བ་ལྷགཔ་སྦེ་ འབྱུང་འོང་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ འཛུལ་འཐུས་དེ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ འབྲུག་རྒྱལ་ཁབ་བཟུམ་མའི་ རྒྱལ་ཁབ་ཚུ་ལུ་ ཚད་གཞི་དམའ་ཤོས་བཟོ་ཡོད་མི་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ ཚོགས་དམངས་ལུ་ གསལ་ཞུ་འབད་མིའི་ནང་ འདས་པའི་ལོ་དག་པ་ཅིག་གི་རིང་ལུ་ ད་ལྟོའི་ཚོགས་དཔོན་དང་ ཚོགས་དཔོན་བགྲེསཔ་ཚུ་གིས་ རྒྱལ་སྤྱིའི་སྤྱི་ཚོགས་ཚུ་ནང་ ལྟ་རྟོག་པ་སྦེ་ བཅའ་མར་གཏོགས་ཏེ་ སྡོད་ནུག་ཟེར་ཨིནམ་ད་ དེ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ཡང་ རྒྱབ་སྐྱོར་ཞུ་ཡི།
ལྷ་མོའི་རྫིང་ཁ་དང་ བཀྲིས་སྡིང་གི་འཐུས་མི་ ཧེ་མཱན་ གུ་རུང་གིས་ འབྲུག་གིས་ རྒྱལ་སྤྱིའི་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ཨིན་མི་དེ་ ལེགས་ཤོམ་ཅིག་ཨིན་པའི་ བསམ་འཆར་ཞུ་ཡོདཔ་མ་ཚད་ རྒྱལ་ཁབ་ཆུང་ཀུ་ འབྲུག་བཟུམ་ཅིག་གིས་ རྒྱལ་སྤྱིའི་ལས་ཚོགས་ནང་ འཛུལ་ཞུགས་འབད་ཚུགས་པ་ཅིན་ དེ་གིས་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་ལུ་ ཕན་ཐབས་སྦོམ་འབྱུང་ནི་ཨིནམ་མ་མ་ཚད་ རྒྱལ་སྤྱིའི་ནང་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ མིང་གཏམ་ཚུ་ཡང་ ཁྱབ་སྤེལ་གཏང་ཚུགས་ནི་མས་ཟེར་ཨིན་པས།
བྲག་སྟེང་དང་ གླང་ཐལ་གྱི་འཐུས་མི་ རིན་ཆེན་རྡོ་རྗེ་གིས་ རྒྱལ་སྤྱིའི་སྤྱི་ཚོགས་དེ་ རང་དབང་ཅན་གྱི་ དམངས་གཙོའི་རྒྱལ་ཁབ་ཚུ་གི་དོན་ལུ་འབད་བའི་ ལས་ཚོགས་ཅིག་ཨིནམ་ལས་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ གསལ་ཞུ་འབད་ཡི།
དེ་ལུ་བརྟེན་ ད་ལྟོ་ འབྲུག་འདི་ དམངས་གཙོའི་རྒྱལ་ཁབ་ གསརཔ་ཅིག་འབད་ནི་དེ་གིས་ གཞན་མི་དམངས་གཙོའི་རྒྱལ་ཁབ་ཚུ་ལས་ ཉམས་མྱོང་དང་ ཡོན་ཏན་ལྷབ་སྦྱང་འབད་ནིའི་ གོ་སྐབས་བཟང་པོ་ཅིག་ ཨིན་མས་ཟེར་ཞུ་ཡི།
དཀར་སྦྱིས་དང་ རྟ་ལོག་གི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ ཞུ་མིའི་ནང་ ད་ལྟོ་ཚུན་ཚོད་འབད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བློན་ཆེན་མཆོག་གི་ མཛད་བྱ་བཟང་པོ་ཚུ་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ མིང་གཏམ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་རུང་ སྤྱི་ཚོགས་དེ་ནང་ འཛུལ་ཞུགས་འབད་མི་གིས་ རྒྱལ་ཁབ་ཀྱི་གནས་ཚད་ཚུ་ ལྷག་པར་དུ་ ཡར་དྲག་གཏང་ཚུགས་ཟེར་ཞུ་ཡི།
དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ རྒྱབ་སྐྱོར་ཕུལཝ་དང་གཅིག་ཁར་ རྒྱལ་སྤྱིའི་སྤྱི་ཚོགས་དེ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དེ་གིས་ སྤྱི་ཚོགས་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཁབ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོའི་ངོ་ཚབ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ལུ་བརྟེན་ རྒྱལ་ཁབ་ཚུ་གི་བར་ན་ ཡོན་ཏན་བརྗེ་སོར་འབད་ནིའི་ གོ་སྐབས་ལེགས་ཤོམ་ འབྱུང་ཚུགས་ནི་ཨིནམ་བཞིན་དུ་ འཐུས་མི་སྦེ་ ཐོ་བཀོད་འབད་ནི་ལུ་ ག་དེ་མགྱོགས་མགྱོགས་ རྩ་འགེངས་འོང་ཟེར་ཞུ་ཡི།
འཐུས་མི་ལ་ལུ་ཅིག་གིས་ རྒྱལ་སྤྱིའི་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེ་དང་ གྲོས་བསྟུན་འབད་དགོ་པའི་སྐོར་ལས་ ཞུ་ཡོདཔ་ད་ དེ་ལུ་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ཡང་ སྤྱི་ཚོགས་ཟེར་བའི་སྐབས་ རྒྱལ་ཡོངས་ཚོགས་སྡེ་ཡང་ ཚུད་ནི་ཨིནམ་ལས་ ཁོང་དང་གཅིག་ཁར་ གྲོས་བསྟུན་འབད་དགོཔ་ ཁག་ཆེ་བའི་རྒྱབ་སྐྱོར་ཞུ་ཡི།
ཚོགས་དཔོན་གྱིས་ གྲོས་དོན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའི་གནང་བ་ཞུ་ནིའི་དོན་ལུ་ ཕུལ་དགོཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment