གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་གཟིམ་དཔོན་གསརཔ།

༢༢/༢/༢༠༡༣   ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་གཟིམ་དཔོན་གསརཔ་ ཨོྱན་ཀེ་རྣམ་རྒྱལ་ལུ་ ལེགས་དར་གནང་ཡི།
གཟིམ་དཔོན་ཨྱོན་རྣམ་རྒྱལ།


ཨོགསི་ཕོཌ་གཙུག་ལག་སློབ་སྡེ་ལས་ ཕྱི་འབྲེལ་དོན་གཅོད་པའི་ མཐོ་རིམ་ཤེས་ཚད་ཡོད་མི་ གཟིམ་དཔོན་ཨྱོན་རྣམ་རྒྱལ་གྱིས་ སྤྱི་ལོ་༢༠༠༣ ལས་ཚུར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱག་སྒརཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ད་རུང་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་གི་ མདོ་ཆེན་གསརཔ་ དགེ་ལེགས་རྒྱ་མཚོ་ལུ་ བཀབ་ནེ་དང་ དཔའ་རྟགས་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment