གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་གནས་གུ་ཡོད་མི་༡ གིས་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་གི་དང་འདོད།

༢༨/༢/༢༠༡༣   དེ་མ་ཚད་ ད་ཚུན་གྱི་བར་ན་ བཀྲིས་སྒང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ རེ་འདོད་ཅན་གྱི་ འདེམས་ངོ་ཐོན་མི་ དང་པ་ཨིན་མས།
༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་གཉིས་པའི་ནང་ དོ་འགྲན་འབད་ནི་གི་ རེ་བ་བསྐྱེད་མི་ འདེམས་ངོ་གཅིག་གཉིས་ཤུལ་སྦེ་ ཐོན་དང་འཐོན་བཞིན་དུ་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ བཀྲིས་སྒང་རྫོང་ཁག་ནང་ལས་ འདེམས་ངོ་ཕུད་རྡོག་གཅིག་ཡང་ མ་ཐོན་པར་ཡོདཔ་ཨིན་པས།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ།


ཨིན་རུང་ ད་རིས་ འདེམས་ངོ་སྦེ་ འཐོན་ནི་གི་ སྤྲོ་བ་ཡོད་ལུགས་བཤད་མི་ དང་པ་ཡང་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་དང་པ་འབདཝ་ད་ བཀྲིས་སྒང་རྫོང་ཁག་གི་ འཐུས་མི་དང་པ་སྦེ་ བཙག་འཐུ་གྲུབ་མི་དེ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ནང་ བཀྲིས་སྒང་གི་འཐུས་མི་ ཁྲི་འཛིན་འོག་མ་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ ཁོ་རའི་བརྡ་དོན་ཕཱེསི་བུག་ནང་ ཤུལ་མའི་ཟླཝ་ནང་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་མི་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་གི་ མནོ་བསམ་ཡོད་ལུགས་སྐོར་ གསལ་བཀོད་འབད་ནུག།
ང་གིས་ དེ་སྦེ་ཐག་བཏོག་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ད་རུང་ གནས་ཡུན་༡ གི་དོན་ལས་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ཐབས་ལུ་ བཀྲིས་སྒང་ལས་ འདེམས་ངོ་སྦེ་ བཏོན་གནང་དགོ་པའི་ གསལ་ཞུ་འབད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ ཁོ་གིས་ མི་སྡེའི་བརྡ་བརྒྱུད་ནང་བཀོད་ནུག།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབུ་རས་དམརཔོ་ཐོབ་མི་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་དེ་ ད་ལྟོ་ གོ་གནས་གུ་ཡོད་མི་ འཐུས་མི་ཚུ་གི་གྲས་ལས་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ སྤྲོ་བ་ཡོད་ལུགས་ གསལ་བསྒྲགས་འབད་མི་ འཐུས་མི་དང་པ་ཨིན་པས།
མི་སེར་ལེ་ཤ་གིས་ ཁོ་ལུ་ སྤྱི་ཚོགས་ནང་ ཕྱག་ཞུ་ནི་གི་ རེ་བ་ཡོད་པ་ཅིན་ ཁོ་གི་དོན་ལུ་ འོས་འབབ་ཅན་གྱི་ ས་གོ་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ཨིནམ་སྦེ་ འཆར་སྣང་བཤདཔ་མས་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་བཟུམ་མའི་ མནོ་ལུགས་ཡོད་མི་དེ་ མེདཔ་བཟོ་ཐབས་ལུ་ རྒྱལ་ཡོངས་ཚོགས་སྡེ་དེ་ཡང་ གལ་གནད་ཅན་ འདྲན་འདྲ་ཡོད་པའི་སྐོར་ གསལ་སྟོན་འབད་ཐབས་ལུ་ ཚོགས་སྡེའི་དོན་ལས་ འདེམས་ངོ་སྦེ་ བཏོན་གནང་དགོ་པའི་ ཞུ་བ་འབད་ནི་སྦེ་ གདམ་ཁ་རྐྱབ་ཅི་ཟེར་ སླབ་ཨིན་པས།
དེ་མ་ཚད་ ཁོ་ར་ སྤྱི་གཡོགཔ་སྦེ་ ཕྱག་ཞུ་བའི་ ནམ་དུས་ལུ་ ཕྱོགས་རིས་མེདཔ་དང་ སྲིད་དོན་དང་ འབྲེལ་གནད་མེད་པའི་ཐོག་ལུ་གནས་ཏེ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཕྱིད་ཞབས་ཏོག་ཞུ་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཡང་ འོང་ནི་མས་མནོ་སྟེ་ ཐག་བཅད་བཅདཔ་ཨིན་ཟེར་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཁོ་གིས་ འདི་བཟུམ་མའི་ ཐག་བཅད་མི་དེ་ ད་ལྟོ་ གོ་གནས་ཁར་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུའི་ནང་ ནན་བསྐྱར་དུ་ འབྲེལ་གཏོགས་འབད་ཆོག་མི་ཆོག་སྐོར་ལས་ ངེས་ཏིག་སྦེ་ ཤེས་རྟོགས་མེད་པར་ དཀའ་ངལ་ཅན་གྱི་ གནས་སྟངས་ནང་ཡོད་པའི་ ནམ་དུས་ལུ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ འཐུས་མི་ཚུ་ ལོག་དོ་འགྲན་འབད་འདོད་ཡོད་པ་ཅིན་ དགོངས་ཞུ་འབད་དགོ་ཟེར་ གསལ་བསྒྲགས་འབད་ཡོད་རུང་ ཚོགས་སྡེ་གིས་ བདེན་ཁུངས་བཟང་མི་དང་འཁྲིལཝ་ད་ ཚོགས་སྡེའི་བཅའ་ཁྲིམས་ཀྱིས་ ཁོང་ཆ་ཁྱབ་ གནས་ཡུན་ལོ་༥ ཧྲིལ་བུ་ཡིག་ཚང་ནང་ སྡོད་ཐོག་ལས་ བཙག་འཐུའི་བྱ་རིམ་ནང་ཡང་ བཅའ་མར་གཏོགས་ཆོགཔ་སྦེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ མི་འཐོབ་ནི་ཨིན་པས།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་མི་འབད་དང་ ཁོང་གི་ དགོངས་ཞུའི་ཐོབ་ལམ་ཚུ་ལུ་ ཐོ་ཕོག་མི་ཕོག་གི་ མནོ་བསམ་མ་གཏང་པར་ ཐག་བཅད་བཅདཔ་ཨིནམ་ལས་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནི་གི་ འོས་འབབ་ཡོད་མི་ འཐུས་མི་གཞན་ཚུ་གིས་ཡང་ ཁོ་ར་བཟུམ་སྦེ་ མནོ་བསམ་གཏང་འོང་མནོ་བའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment