གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་སྟོབས་རིག་འཚོལ་ནང་ལས་ བྲོ་ཡབ་བུཚ་ཅིག་གིས་ ཨང་དང་པ་ཐོན་ཡོདཔ།

༢༣/༢/༢༠༡༣   ༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ སྐྱེས་སྟོབས་རིག་འཚོལ་ཐེངས་༢ པ་མཇུག་བསྡུ་ཡོདཔ་ཨིན་རུང་ འགོ་འདྲེན་འཐབ་མི་ མི་ལ་སྟོབས་རྒྱལ་ལུ་ གྱོང་རྒུད་ དངུལ་ཀྲམ་འབུམ་༡༧ ལྷགཔ་ཅིག་ཕོག་ཡོདཔ་སྦེ་སླབ་ཨིན་པས།
ཨང་དང་པ་ རིན་ཆེན་བྲོ་ཡ།
ཨང་གཉིས་པ་ ཚེ་རིང་དབང་མོ།


མི་ལ་སྟོབས་རྒྱས་ཀྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ ཁོ་བཟུམ་སྦེ་ ལས་རིམ་འགོ་འདྲེན་འཐབ་མི་ག་ར་ལུ་ གྱོང་རྒུད་ཕོག་དགོ་མི་དེ་ རྒྱལ་ཁབ་ནང་ དེ་བཟུམ་མའི་ སྤྲོ་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་མངམ་ཐོན་མི་དང་ རྒྱལ་ཁབ་ཀྱི་མི་རློབས་ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ ཧེ་མ་རྒྱབ་སྐྱོར་འབད་མི་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ནི་ལུ་ སྤྲོ་བ་ལེན་མ་བཏུབ་ཟེར་ཨིན་པས།
གཞུང་གི་འགོ་དཔོན་དང་ ལས་སྡེ་ ལས་འཛིན་ དེ་ལས་ གཞུང་མིན་ཚོགས་པའི་ཁ་ཐུག་ལས་ རང་ལུགས་ཀྱི་ བོད་སྒྲ་དང་ གཞུང་སྒྲ་ དེ་ལས་ རིག་གསར་གྱི་ཞབས་བྲོ་ཚུ་ མི་ཉམས་གོང་འཕེལ་གྱི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་མི་ལུ་ ངལ་རངས་དང་ དགའ་ཚོར་ཡོད་ལུགས་ཚུ་ སླབ་སྟེ་འབད་རུང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ མིན་འདུག་ཟེར་ཨིན་པས།
སྐྱེས་སྟོབས་རིག་འཚོལ་ནང་ལས་ དྲག་ཤོས་ཐོན་མི་༦ ལུ་ གསོལ་རས་དབྱེ་ཁག་༢ སྦེ་ བགོ་བཤའ་རྐྱབ་སྟེ་ བྱིན་པའི་གྲས་ལས་ སྤྱིར་བཏང་གཞུང་སྒྲ་དང་ བོད་སྒྲ་ དེ་ལས་ རིག་གསར་གསུམ་ཆ་ར་ འདྲ་མཉམ་སྦེ་ འཐེན་ཚུགས་མི་ ཨང་པ་དང་པ་ རིན་ཆེན་བྲོ་ཡ་ལུ་ དངུལ་ཀྲམ་༡༦༠,༠༠༠ དང་ ཨང་༢ པ་ ཚེ་རིང་དབང་མོ་ལུ་ དངུལ་ཀྲམ་༡༡༠,༠༠༠ དེ་ལས་ ཨང་༣ པ་ བསོད་ནམས་ཆོས་སྐྱིད་ལུ་ དངུལ་ཀྲམ་༨༠,༠༠༠ གསོལ་རས་སྦེ་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབྱེ་ཁག་༢ པ་དེ་ ཁོང་༦ ལས་ གཞུང་སྒྲ་འཐེན་མི་དྲག་ཤོས་ བཀྲིས་དཔལ་འབྱོར་དང་ བོད་སྒྲ་འཐེན་མི་ འཇིགས་མེད་ལྷུན་གྲུབ་ དེ་ལས་ རིག་གསར་ནང་ ཉི་མ་བཟང་མོ་ ༣ ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ རེ་བྱིན་ཡོདཔ་ཨིན།
བསམ་རྩེ་རྫོང་ཁག་ རྟ་རྦབ་འགྲམ་བསྟོད་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༥ པའི་ སློབ་ཕྲུག་ སྐྱེས་ལོ་༡༢ ལང་མི་ རིན་ཆེན་བྲོ་ཡ་གིས་ ཀུན་གསལ་ལུ་སླབ་མི་དང་འཁྲིལཝ་ད་ ལོ་ན་ཆུང་ཀུ་བསྒང་ལས་ར་ གཞུང་སྒྲ་དང་ བོད་སྒྲ་ དེ་ལས་ རིག་གསར་འཐེན་ནི་ལུ་ སྤྲོ་བ་དང་ དང་འདོད་སྦོམ་ཡོདཔ་ལས་ སློབ་གྲྭའི་ནང་ཡང་ སྐད་འཐེན་ནིའི་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ཏེ་ སློབ་གྲྭའི་ཁ་ཐུག་ལས་ གསོལ་རས་ཚུ་ ཐོབ་ཅི་ཟེར་ཨིན་པས།
ད་རིས་ འབྲུག་མི་ཡོངས་ཀྱི་ རྒྱབ་སྐྱོར་ལུ་བརྟེན་ ང་གིས་ སྐྱེས་སྟོབས་རིག་འཚོལ་ནང་ལས་ དྲག་ཤོས་ཐོན་ཚུགས་མི་ལུ་ བཀྲིན་དགའ་འཚོར་ཡོད་པའི་ཁར་ རང་ལུགས་ཀྱི་ཞབས་བྲོ་ཚུ་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ འབྲེལ་གཏོགས་འབད་ནིའི་རེ་བ་ཡོད་ཟེར་ཨིན་པས།
རྟ་རྦབ་འགྲམ་བསྟོད་འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་ ཚེ་རིང་བཟང་མོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༢ ལུ་ སློབ་གྲྭ་ནང་ ཞབས་བྲོ་འཐེན་ནིའི་ འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ དྲག་ཤོས་འཐོན་ཚུགས་ནི་དེ་གིས་ སྐྱེས་སྟོབས་རིག་འཚོལ་ནང་ བཅའ་མར་གཏོགས་ནི་ལུ་ རྒྱབ་སྐྱོར་འབད་དེ་ ད་རེས་ གྲུབ་འབྲས་ལེགས་ཤོམ་ཐོན་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
རིན་ཆེན་བྲོ་ཡ་གིས་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ ལམ་སྲོལ་ལུ་ ཕན་ཐོགས་ཚུགས་ནིའི་འོས་འབབ་ཡོདཔ་ལས་ ངལ་རངས་ཀྱི་ དགའ་ཚོར་ལུ་ སྟག་ཚང་བཟོ་སྐྲུན་གྱི་ ཇོ་བདག་གིས་ རིན་ཆེན་བྲོ་ཡ་ལུ་ སློབ་རིམ་༡༢ པ་ཚུན་སློབ་སྦྱོང་གི་ཟད་འགྲོ་ གཏང་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ལས་ ཨང་དང་པ་ལས་༦ པ་ཚུན་ ཐོན་མི་སློབ་ཕྲུག་ཚུ་ལུ་ ཀུན་གསལ་ལས་འཛིན་གྱིས་ ལོ་༡ ལང་ནི་གི་ འབྲི་དེབ་ཆ་ཚང་རེ་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱི་ སྐུ་པར་རེ་ བྱིན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment