གཟིགས་གནང་མི་ལུ་བཀའ་དྲིན་ཆེ།
༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་
ཡོངས་འབྲེལ་འཆར་སྒོ་འདི་ནང་
གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།
We update at the earliest possible for you!རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།
ཞབས་དྲུང་དག་སྣང་མའི་མཐོང་གྲོལ་གསར་བཞེངས།
༢/༥/༢༠༡༢
༉ ཁ་ཙ་ སེམས་རྟོགས་ཁ་རྫོང་ནང་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་གསར་བཞེངས་བསྒྲུབས་མི་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ གཤེགས་པའི་སྐུ་མཆོད་ དུས་བཟང་ཁྱད་པར་ཅན་གྱི་ཉིན་མར་ གཞུང་འབྲེལ་ངལ་གསོ་དང་འབྲེལ་ རབ་གནས་བསྡུས་ཙམ་གནང་ཐོག་ལས་ མི་མང་ལུ་ མཇལ་ཁ་གནང་ཡི།
| གསར་བསྒྲུབས་འབད་མི་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ། |
རུ་པི་མ་ལང་པའི་དཀའ་ངལ་གྱིས་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ལུ་ཡང་ བྱེམ་ཕོག་དོ་ཡོདཔ།
༢/༥/༢༠༡༢
༉ ཧཱ་རྫོང་ཁག་འོག་གི་ གསང་སྦས་ཁ་གཡུས་ཚན་དེ་ ཧཱ་ཁྲོམ་ལས་ ཉིན་ལམ་༢ ཀྱི་ས་ཁར་ཨིནམ་ད་ གསང་སྦས་ཁ་ལས་ མོ་ཆུ་གཡུས་ཚན་ཚུན་ ཉིན་ལམ་༡ འགོརཝ་ཨིན་པས།
ཧེ་མ་འབད་བ་ཅིན་ གསང་སྦས་ཁ་རྒེད་འོག་ལྟེ་བ་ལས་ མོ་ཆུ་ལུ་ འགྱོ་ནིའི་དོན་ལས་ ཐག་ལམ་ཅིག་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ ཐག་ལམ་གྱི་འཁོར་ལོ་ཚུ་ མེདཔ་ཐལ་ཡོདཔ་ལས་ མི་སེར་ཚུ་གིས་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྒེད་འོག་ལུ་ རུ་པི་མེད་ནི་དེ་གིས་ མོ་ཆུ་གཡུས་ཚན་གྱི་ ཐག་ལམ་འཁོར་ལོ་ མེདཔ་ཐལ་མིའི་ཚབ་ ཉོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
![]() |
| མེདཔ་ཐལ་མི་ ཐག་ལམ་གྱི་འཁོར་ལོ། |
ཧེ་མ་འབད་བ་ཅིན་ གསང་སྦས་ཁ་རྒེད་འོག་ལྟེ་བ་ལས་ མོ་ཆུ་ལུ་ འགྱོ་ནིའི་དོན་ལས་ ཐག་ལམ་ཅིག་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ ཐག་ལམ་གྱི་འཁོར་ལོ་ཚུ་ མེདཔ་ཐལ་ཡོདཔ་ལས་ མི་སེར་ཚུ་གིས་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སློབ་ཕྲུག་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ སྣུམ་འཁོར་བཏང་མི་ ག་ཨིན་ན་མ་ཤེསཔ།
༢/༥/༢༠༡༢
༉ ཁ་ཙ་དྲོ་པ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་སར་ འགྱོ་བའི་ལམ་ཁར་ སྣུམ་འཁོར་ ཊུག་སཱན་༡ ལམ་འོག་ལས་མར་ རྦོབ་རིལ་སོང་མི་ལུ་བརྟེན་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་ བསད་ཡོདཔ་མ་ཚད་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་གཞན་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
| ཀུན་གསལ་ཕོ་བྲང་ལུ་ འགྱོ་སའི་ལམ་ཁར་ རྦོབ་རིལ་མི་སྣུམ་འཁོར་ཊུག་སཱོན། |
མོང་སྒར་དང་ ཀུར་རི་ཟམ་པ་བར་ནའི་ ཁ་ལང་གཟི་གནས་དེ་ ཚེ་རིང་མཆེད་ལྔའི་གནས་ཨིན་པའི་ དར་ཁྱབ་སོང་ཡོདཔ།
༢/༥/༢༠༡༢
༉ འབྲུག་རྒྱལ་ཁབ་འདི་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྐུ་དངོས་སྦེ་ ལྗོངས་འདིའི་ལ་ལུང་དང་ རི་བྲག་ལ་སོགས་པའི་ས་ཆ་ རྟ་རྨིག་ཙམ་ཡང་མ་ལུས་པར་ ཞབས་ཀྱིས་བཅགས་གནང་སྟེ་ སྦས་གནས་ཁྱད་པར་ཅན་ཅིག་ལུ་ བཟོ་གནང་ཡོདཔ་ལས་བརྟེན་ ད་རེས་ནངས་པ་ སྐལ་བ་དང་ལྡན་མི་ཚུ་གི་དོན་ལུ་ སྦས་གནས་ཁྱད་པར་ཅན་ མང་རབས་ཅིག་ མཇལ་ནི་ཡོདཔ་ཨིན་པས།
| གནས་སྐོརཔ་ཚུ་གིས་ སྡིག་སྒྲིབ་དག་ནིའི་དོན་ལུ་ གནས་རྡོའི་འོག་ལས་འཛུལ་བའི་བསྒང་། |
ཞབས་དྲུང་སྐུ་མཆོད་དང་འབྲེལ་ འཇིག་རྟེན་དབང་ཕྱུག་གི་གསོལ་འདེབས།
༢/༥/༢༠༡༢
![]() |
| སྤུ་ན་ཁ་ལུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ འཇིག་རྟེན་དབང་ཕྱུག་ཚོགས་པའི་ འཐུས་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་། |
སྣུམ་འཁོར་རྦོབ་རིལ་རྐྱེན་ངན་ནང་ མི་༥ ཤི་རྐྱེན།
༢/༥/༢༠༡༢
༉ ཁ་ཙ་དྲོ་པ་ ཆུ་ཁ་ སྟག་ཏི་ཀོ་ཁྲི་ལུ་ སྣུམ་འཁོར་སཱེན་ཊོ་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༢༠༠ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ འབྲུག་མི་༢ དང་ རྒྱ་གར་གྱི་མི་ཁུངས་༣ ལུ་ ཤི་རྐྱེན་བྱུང་ནུག།
༉ ཁ་ཙ་དྲོ་པ་ ཆུ་ཁ་ སྟག་ཏི་ཀོ་ཁྲི་ལུ་ སྣུམ་འཁོར་སཱེན་ཊོ་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༢༠༠ དེ་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ འབྲུག་མི་༢ དང་ རྒྱ་གར་གྱི་མི་ཁུངས་༣ ལུ་ ཤི་རྐྱེན་བྱུང་ནུག།
སློབ་དཔོན་གྱི་ཉིནམ་ ག་ཅི་སྦེ་ བརྩི་སྲུང་འབདཝ་ཨིན་ན?
ཟླ་༥ པའི་ཚེས་༡
༉ སྤྱི་ལོ་༡༩༡༥ ལུ་ ཨར་ཇེན་ཊི་ན་ལུ་ དོ་མིང་གོ་ ཕའུསི་ཊི་ནོ་ ཧར་མིན་ཊོ་ ཤི་བའི་ཉིནམ་དང་ སྤྱི་ལོ་༡༩༦༢ ལུ་ རྒྱ་གར་རྒྱལ་ཁབ་ནང་ ཌོག་ཊར་ སར་བེ་པཱ་ལི་ རཱ་ད་ཀི་རིཤ་ནཱན་ སྐྱེས་བའི་ཉིནམ་དང་འབྲེལ་ སློབ་དཔོན་གྱི་ཉིནམ་ཡང་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ལོ་༢༠༠༣ ཟླ་༤ པའི་ཚེས་༢ ལུ་ འབྲུག་རྒྱལ་ཁབ་ནང་ དེང་སང་གི་ ཤེས་ཡོན་འགོ་བཙུགས་གནང་མི་ མི་དབང་འབྲུག་རྒྱལ་༣ པའི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།
| ཁ་ཙ་ འབྲུག་ལུ་ཡོད་མི་ ཌཱཆི་གི་མི་སྡེ་གིས་ ཐིམ་ཕུ་ལུ་སྦེ་ ཌཱཆི་རྒྱལ་མོའི་འཁྲུངས་སྐར་གྱི་ ཉིནམ་བརྩི་སྲུང་ཞུ་ཡོདཔ་ད་ རྒྱལ་མོའི་ཉིནམ་དེ་ ནེ་དར་ལེནསི་གི་ རྒྱལ་ཡོངས་དུས་ཆེན་སྦེ་ བརྩི་སྲུང་ཞུཝ་ཨིན་པས། |
བཙོན་ཁྲིམས་ལོ་༡༤ ཕོག་མི་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་མེདཔ།
ཟླ་༥ པའི་ཚེས་༡
༉ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ནང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ དངུལ་གཉེར་བགྲེསཔ་ དཀོན་མཆོག་རྣམ་རྒྱལ་གྱི་ རྩོད་བཤེར་དེ་ དུས་ཡུན་ཟླ་ངོ་༡༦ གི་རིང་ འབད་བའི་ཤུལ་ལུ་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པའི་ བཤེར་ཡིག་དེ་ ཆ་མེད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ འཁྲུན་ཆོད་གནང་ཡི།

སློབ་ཕྲུག་དྲག་ཤོས་ཚུ་ལུ་ ངོས་འཛིན་ལག་ཁྱེར།
ཟླ་༥ པའི་ཚེས་༡
༉ སྐྱེས་ལོ་༡༦ ལང་མི་ སངས་རྒྱས་རྡོ་རྗེ་དེ་ ད་རེས་ནངས་པ་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ ཁོ་གིས་ ད་ལས་ཕར་ དཔེ་ཆ་ལྷབ་ནི་ལུ་ ཧེང་སྐལ་ར་ བརྩོན་ཤུགས་བསྐྱེད་ཚུགས་ནི་ཨིན་མི་དེ་ཡང་ ཁོ་རའི་མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགས་པའི་ མི་དབང་མངའ་ཞབས་མཆོག་གིས་ ཕྱག་རྟགས་བཀོད་དེ་ཡོད་པའི་ སློབ་ཕྲུག་དྲག་ཤོས་ཀྱི་ ལག་ཁྱེར་ཐོབ་ནི་དེ་གིས་ཨིན་པས།
| མི་དབང་མཆོག་གིས་ སློབ་ཕྲུག་དྲག་ཤོས་ཚུ་ལུ་གནང་མི་ ངོས་འཛིན་ལག་ཁྱེར་ཚུ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ བྱིན་པའི་བསྒང་། |
གནས་ཚུལ་མདོར་བསྡུས།
| ཐིམ་ཕུ་དང་ བར་སྦིས་ས་བར་ནའི་ མགྱོགས་ལམ་ཁར་ བདག་མེད་སྦེ་བཏང་བཞག་མི་ ནོར་ཚུ་གིས་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་ལུ་ བར་ཆད་རྐྱབ་པའི་བསྒང་། |
ན་གཞོན་ཚུ་གིས་ ལཱ་གཡོག་གི་སྦྱོང་བརྡར་ནང་ དང་འདོད་སྦོམ་མི་བསྐྱེད་དོ་ཡོདཔ།
༉ སློབ་གྲྭ་ནང་ལས་ ཐོན་སྡོད་མི་དང་ མཐོ་རིམ་ཤེས་ཚད་ལྷབ་ནིའི་ གོ་སྐབས་མ་ཐོབ་མི་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ སྦྱོང་བརྡར་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་མི་ཚུ་ནང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་ཐོན་དོ་ཡོདཔ་ཨིན་པས།
ཕོ་སྐྱེས་ཅིག་ལུ་ ཉེས་པ་ཡང་ཕྲའི་ཉེས་འཛུགས།
ཟླ་༥ པའི་ཚེས་༡
༉ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ལས་ སྐྱེས་ལོ་༣༩ ལང་མི་དང་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་༢ འཐབ་འཛིང་འབད་བའི་སྐབས་ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་དེ་གི་དཔྱལཝ་གུ་ རྨ་སྐྱོན་བཏོན་ཡོདཔ་ལས་ ཉེས་འཛུགས་ཕོག་མི་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

སྣུམ་འཁོར་རྐྱེན་ངན་ནང་ ཕོ་སྐྱེས་༢ ཁ་འཐུམ་མར་བསད་ཡོདཔ།
༉ སྤྱི་ཟླ་༤ པའི་ཚེས་༢༩ གི་ཉིན་མར་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་འོང་མི་ སྣུམ་འཁོར་ཊ་ཊ་མཱན་ཟ་དེ་ ས་གནས་སྐམ་སྦྱིས་ལུ་ལྷོདཔ་ད་ ལམ་འོག་ལས་མར་ རྦོམ་རིལ་ཡར་སོཔ་ལས་ སྣུམ་འཁོར་དེ་ནང་ འཛུལ་འོང་མི་ ཕོ་སྐྱེས་གཉིས་ཆ་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
མར་ཚ་ལ་རྒེད་འོག་ནང་ གློག་མེའི་ལཱ་ཕྱིར་འགྱངས།
ཟླ་༥ པའི་ཚེས་༡
༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་ནང་ ཁག་འབགཔ་གིས་ ལོ་ངོ་གཅིག་གི་རིང་ལུ་ ལས་མིའི་གླ་ཆ་ མ་སྤྲོད་པར་བཞག་མི་ལུ་བརྟེན་ གྲོང་གསེབ་གློག་མེ་བཙུག་ནིའི་ ལཱ་ཚུ་ ཕྱིར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་ནང་ ཁག་འབགཔ་གིས་ ལོ་ངོ་གཅིག་གི་རིང་ལུ་ ལས་མིའི་གླ་ཆ་ མ་སྤྲོད་པར་བཞག་མི་ལུ་བརྟེན་ གྲོང་གསེབ་གློག་མེ་བཙུག་ནིའི་ ལཱ་ཚུ་ ཕྱིར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
གཡང་འཕེལ་ལམ་ལུགས་ཐོག་གི་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།
ཟླ་༥ པའི་ཚེས་༡
༉ རྒྱལ་ཁབ་ནང་ དར་ཁྱབ་སོང་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་གྱི་ ལམ་ལུགས་ཐོག་ ཐིམ་ཕུ་བར་སྦིས་ས་ལུ་སྦེ་ རེས་གཟའ་ཟླ་བ་ལུ་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ་ཨིན་པས།
| བཀག་རེག་ཕོག་པའི་ མདའ་འཆམ་རྐྱབ་པའི་བསྒང་། |
Subscribe to:
Posts (Atom)