གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟི་དང་བྱུ་རུ་ ཨར་རྐུན་ཚོང་འབྲེལ་འཐབ་མི་ཚུ་ལུ་ བཙོན་ཁྲིམས་ ལོ་༤ ཚུན་བཀལ་ཡོདཔ།

༢༨/༡༢/༢༠༡༢   ༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་ལུ་ ཁྱིམ་ཅིག་ནང་ལས་ བྱུ་རུ་རྙིངམ་དང་ གཟི་རྙིངམ་ཚུ་ ཨརཝ་ཤོར་བའི་རྩོད་དོན་སྐོར་ལས་ ལོ་ངོ་༧ དེ་ཅིག་ ཞིབ་དཔྱད་འབད་བའི་ཤུལ་ལུ་ སྐྱེས་ལོ་༣༠ སོ་གྲངས་ནང་འབད་མི་ བསམ་གཏན་རྡོ་རྗེ་ཟེར་མི་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ལས་ མ་བྱིན་ལེན་གྱི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༤ གི་ འཁྲུན་ཆོད་གནང་ནུག།


བསམ་གཏན་རྡོ་རྗེ་དེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ འཛིན་བཟུང་འབད་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་ཡོདཔ་ད་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ བཏོན་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ གཟི་མིག་ཏོ་༢ དང་ མིག་ཏོ་༣ འབད་མི་གཉིས་ གཞན་མི་ཅིག་ལུ་བཙོང་ཡོདཔ་ད་ གཟི་མིག་ཏོ་༢ འབད་མི་ སྐྱོན་ཅན་ཅིག་ཡོད་མི་དེ་  གཟི་གི་ཇོ་བདག་ ཀུན་བཟང་ མོ་ར་གིས་ ཨིནམ་ངོས་འཛིན་འབད་ཡོདཔ་ལས་ བསམ་གཏན་རྡོ་རྗེ་ལུ་ གཟི་མིག་ཏོ་༢ འབད་མིའི་ རིན་གོང་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་གནས་མི་དང་བསྟུན་ ཅ་ལ་དེ་ མ་བྱིན་ལེན་པའི་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་ལོ་༡ དང་ ཁོ་གིས་ ཅ་རྙིང་ཁྲིམས་འགལ་ཐོག་ ཉོ་བཙོང་འཐབ་པའི་ཉེས་པ་ དབྱེ་རིམ་༤ པའི་ ཉེས་ཁྲིམས་ལོ་༣ ཕོག་མི་དེ་ རྩིསཝ་ད་ བཙོན་ཁྲིམས་ལོ་༤ གྱི་ འཁྲུན་ཆོད་གནང་ཡོདཔ་ད་ གཟི་གཞན་མི་ མིག་ཏོ་༣ འབད་མི་དེ་ རྫུས་མ་ཨིན་པའི་ མངོན་གསལ་བྱུང་ནུག།
བསམ་གཏན་རྡོ་རྗེ་དང་གཅིག་ཁར་ གཟི་ཉོ་བཙོང་ནང་་ འབྲེལ་གཏོགས་འབད་མི་ ཕུར་པ་ དེ་ཡང་ ཅ་རྙིང་ཁྲིམས་འགལ་ཐོག་ ཉོ་བཙོང་འཐབ་པའི་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་ལོ་༢ དང་ཟླཝ་༡༡ བཙོན་ཁྲིམས་བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་མ་ཚད་ ཕུར་པ་ལས་ གཟི་ཉོ་མི་ དཀར་གསང་ལུ་ཡང་ ཅ་རྙིང་ཁྲིམས་འགལ་ཐོག་ ཉོ་བཙོང་ནང་ འབྲེལ་གཏོགས་ཀྱི་ཉེས་ཁྲིམས་ཡང་ཕྲའི་ བཙོན་ཁྲིམས་ལོ་༢ དང་ཟླཝ་༡༡ བཀལ་ནུག།
ཨིན་རུང་ ཁོ་ལུ་ཡང་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་སྟེ་ ཕུར་པ་ལས་ གཟི་ཉོ་བའི་སྐབས་ དངུལ་ཀྲམ་༡,༣༥༠༠༠ སྤྲོད་མི་དེ་ ཕུར་པ་གིས་ དཀར་གསང་ལུ་ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།
རྩོད་དོན་དེ་ཡང་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༥ ལུ་ ཀུན་བཟང་གི་ཁྱིམ་ནང་ ལོ་ཆོག་བཏང་བའི་སྐབས་ གཡང་ཁུག་གི་དོན་ལུ་ རྫས་གོས་དང་ གཡུ་བྱུ་རུའི་རིགས་ཚུ་ གཡང་རྫས་སྦེ་བསྒྲིགས་བཞག་པའི་ཤུལ་ལུ་ དེ་ཚེ་ཕྱི་རུ་ གཡང་རྫས་ཚུ་མ་བསྡུ་བར་བཞག་སྟེ་ ཉིནམ་༣ ལང་བའི་ཤུལ་ལུ་ གཡང་རྫས་བསྡུ་བའི་བསྒང་ལས་ གཟི་༦ དང་ བྱུ་རུ་རྙིངམ་༡༡ བྱང་སྟོར་ཤོར་ཡོད་པའི་ ཤེས་གསལ་བྱུང་ཡོདཔ་ཨིན་པས།
དེ་ལས་ གཟི་སྐྱོན་ཅན་དང་ བྱུ་རུ་ཚུ་ ཤུལ་ལས་ མོ་གིས་ མ་ཤེསཔ་སྦེ་ ལོག་ཁྱིམ་ནང་བསྐྱལ་བཞག་ཡོདཔ་ཨིན་པས།
ཨར་རྐུན་གྱི་གནད་དོན་དང་འབྲེལ་ འབུམ་སྡེ་གླིང་ལས་ ཕོ་སྐྱེས་༢ དོགས་པའི་ཐོག་ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ཡོད་རུང་ ཤུལ་ལས་ ཁོང་༢ ཀྱིས་ ངོས་ལེན་འབད་མ་བཏུབ་ལས་ དོ་དམ་ནང་ལས་བཏང་བའི་ཤུལ་ལུ་ དུས་ཅི་ ཨར་རྐུན་འབད་མི་དོགས་ཅན་ བསམ་གཏན་རྡོ་རྗེ་འཛིན་བཟུང་འབདཝ་ད་ ཧེ་མ་འཛིན་བཟུང་འབད་མི་ ཕོ་སྐྱེས་༢ མེནམ་ ངེས་བདེན་གྱི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ད་ དོགས་པའི་ཐོག་ལུ་ འཛིན་བཟུང་འབད་དེ་ ཞག་གྲངས་༡༡༡ དོ་དམ་འོག་ལུ་སྡོད་མི་ གུ་རུ་ལ་དང་ ཞག་གྲངས་༡༠༨ དོ་དམ་འོག་སྡོད་མི་ ཚེ་དབང་རིག་འཛིན་༢ ཀྱིས་ ཉེས་མེད་འཛིན་བཟུང་ཐོག་ དོ་དམ་འོག་ལུ་བཞག་མི་དེ་གིས་ ཁོང་༢ ལུ་ མ་ཉེས་ཁ་གཡོག་གི་ གནོད་འཚེ་བྱུང་ཡོདཔ་ལས་ དོགས་པ་བཀལ་མི་གཟིའི་ཇོ་བདག་དང་ ཁྲིམས་སྲུང་འགག་པ་གིས་ ཁོང་༢ ལུ་ ཉམས་རྒུད་བྱུང་མི་དེ་ ཁེ་རྒུད་མ་བཏུབ་ལས་ དབྱེ་ཞིབ་མཛད་གནང་དགོ་པའི་ ཞུ་བ་འབད་དེ་ ཡོད་ཟེར་ཨིན་པས།
ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཅ་ཆས་བྱང་སྟོར་ཤོར་མི་གིས་ ཞུ་བ་འབད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པ་གིས་ཡང་ དབྱེ་ཞིབ་ག་ནི་ཡང་མ་འབད་བར་ ང་བཅས་༢ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་མི་དེ་གིས་ མི་མང་གི་སྦུག་ལུ་ མགུ་ཏོ་ཡར་སེང་ནི་མེདཔ་ བཟོ་དཔ་ལས་ སྐྱིད་སྡུག་གཟིགས་དགོཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ ཞུ་ཡིག་ཅིག་ཡང་ བཙུགས་ཅི་ཟེར་ཨིན་པས།
དོགས་ཅན་ བསམ་གཏན་རྡོ་རྗེ་གིས་ཡང་ རྫོང་ཁག་ཁྲིམས་འདུན་ལས་གནང་མི་འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་སྦེ་ མཐོ་གཏུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment