གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་ནང་ ཁྱིམ་མེ་རྐྱེན་བྱུང་ཡོདཔ།

༢༩/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ཆུ་བར་ཆུ་ འོང་འབབ་དང་ ཅ་དམ་ཡིག་ཚང་གི་ལྟག་ལུ་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོད་རུང་ མི་ལུ་ ཤི་རྐྱེན་ག་ནི་མེད་པར་ མེ་བསད་ཚུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁྱིམ་ཐོག་དེ་ ག་ར་མེ་གིས་འཚིགས་ཡོད་རུང་ ཁྱིམ་གྱི་ཅ་ཆས་ཚུ་ ཐོབ་ཅི་ཟེར་ཨིན་པས།

མེ་གིས་འཚིག་མི་ཁྱིམ།


དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁར་ ཁྱིམ་དེ་གི་ ཐབ་ཚང་དང་ ཁྱིམ་ཐོག་གུ་ལུ་ མེ་གིས་འཚིགས་ཡོད་མི་དེ་ དུས་ཡུན་སྐར་མ་༣༠ གྱི་ཤུལ་ལས་ ཁྲིམས་སྲུང་འགག་སྡེའི་ མེ་བསད་སྡེ་ཚན་གྱིས་ བསད་ཡོདཔ་ཨིན་རུང་ ཁྱིམ་ནང་ ཆུ་གིས་ ཅ་ཆས་ཚུ་ ག་ར་སྦང་ཡོདཔ་ཨིན་པས།
དེ་ཡང་ མེ་རྐྱེན་བྱུང་བའི་སྐབས་ལུ་ ཁྱིམ་ནང་ མི་ཅིག་ཡང་མེདཔ་ལས་ མི་ལུ་གནོད་སྐྱོན་མ་བྱུང་རུང་ མཐོང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ མེ་བསད་སྡེ་ཚན་གྱི་ འགྲུལ་འཁོར་ལམ་དང་ མེ་བསད་འགྲུལ་འཁོར་ཚུ་ མེདཔ་འདྲཝ་ཅིག་འབད་བ་ཅིན་ ཁྱིམ་དེ་ ཐལ་བར་བརླག་གཏང་ནི་ཨིནམ་མ་ཚད་ སྦོ་ལོགས་ཁ་ཡོད་པའི་ཁྱིམ་ཚུ་ཡང་ མེ་གིས་ འཚིགས་འཚིགཔ་འོང་ཟེར་ཨིན་པས།
མེ་བསད་ཚར་བའི་ཤུལ་ལུ་ མེ་བསད་སྡེ་ཚན་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ཆ་རོགས་འབད་མི་ཚུ་གིས་ ཁྱིམ་ནང་ཡོད་པའི་ཅ་ཆས་ཚུ་ ཕྱི་ཁར་བཏོན་ཡོདཔ་ཨིན་པས།
དེ་ཡང་ ཅ་ཆས་ཚུ་ མེ་བསད་པའི་སྐབས་ལུ་ ཁྱིམ་ནང་ ཆུ་འཛུལ་ཡོདཔ་ལས་ མེདཔ་ཐལ་ཉེན་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁྱིམ་ནང་སྡོད་མི་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཐབ་ཚང་གི་གློག་རྒྱུན་དེ་ ལཱ་ལེགས་ཤོམ་སྦེ་འབད་མ་བཏུབ་མི་དང་ ཉེན་ཁ་སྦོམ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་དེ་ བདུན་ཕྲག་༢ སོང་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment