གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ དབང་ཆེན་ཞུ་མི་ སྟོང་ཕྲག་ལས་བཅད་དེ་ འཛོམས་དོ་ཡོདཔ།

༡༩/༡༢/༢༠༡༢   ༉ ནངས་པ་ལས་ འགོ་བཙུགས་ནི་ཨིན་མི་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཞུ་མི་ དད་ཅན་ཚུ་ སྤུ་ན་ཁ་ལུ་ འཛོམས་པའི་བསྒང་ཡོདཔ་ད་ དབང་གནང་སའི་ཉེ་འདབས་གཡུས་ཚན་ ལྕང་གཡུས་དང་ འཛོམས་གླིང་ཐང་ནང་ གནས་སྐབས་ཀྱི་ ཁང་མིག་བཟོ་མི་ཚུ་ནང་ མི་སྟོང་ཕྲག་ལས་བཅད་དེ་ སྡོད་མི་ཐོན་ཡོདཔ་ཨིན་པས།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།


དབང་ཞུ་བར་འོང་མི་ མང་ཤོས་ཅིག་གིས་ ཧེ་མ་ལས་ ཁང་མིག་ཚུ་ མཁོ་མངགས་འབད་ནི་དེ་གིས་ འཛུལ་ཆོག་ཆོ་ཡོད་པའི་ཁར་ ལ་ལུ་ཅིག་གིས་ ཉེ་ཚན་དང་ ངོ་ཤེས་མི་ཚུ་གི་ཁྱིམ་ནང་ འགྱོ་བའི་མཐོང་སྣང་བྱུང་དོ་ཡོདཔ་ཨིན་རུང་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་ལས་ཨིན་མི་ སྐྱེས་ལོ་༦༣ ལང་མི་ ཨཔ་ལྷ་བབས་དང་ བཟའ་ཚང་དེ་ སྡོད་ས་ཏན་ཏན་ཅིག་མེདཔ་ལས་ ག་ཏེ་སྡོད་ནི་ཨིན་ན་ མ་ཤེས་པར་ ཁུ་རུ་ཐང་ གླ་འཁོར་བཞག་སའི་མཐའ་མར་ སྡོདཔ་ཨིན་པས།
བཟའ་ཚང་དེ་ སྤུ་ན་ཁ་ལུ་ འགོ་དང་པ་ཨིནམ་ད་ ཁ་ཉིནམ་ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ལུ་ ཁུ་རུ་ཐང་ གླ་འཁོར་བཞག་ས་ལུ་ སྣུམ་འཁོར་ནང་ལས་ཐོན་པའི་སྐབས་ ག་ཏེ་ཡང་ འགྱོ་མ་ཤེས་པར་ མགུ་འཐོམ་ལུས་སོ་ཡི་ཟེར་ ཁོ་གི་གནས་ཚང་ སྐྱེས་ལོ་༤༨ ལང་མི་སེངྒེ་དབང་མོ་གིས་ སླབ་ཡོདཔ་ད་ དུས་ཡུན་དག་པ་ཅིག་གི་རྒྱབ་ལས་ ཨ་རྒས་ཅིག་འོང་སྟེ་ ཁོ་གི་ཁྱིམ་ནང་ ཁྱིད་སོང་ཡི་ཟེར་ཨིན་པས།
ཨ་རྒས་དེ་ ཁུ་རུ་ཐང་གི་ གདོང་ཕྱོགས་ལུ་ཡོད་མི་ འཇིགས་མེད་ཐང་ལས་ཨིནམ་ད་ བཟའ་ཚང་དེ་ ཨ་རྒས་ཀྱི་ཁྱིམ་ནང་ ཞག་༡ སྡོད་པའི་ཤུལ་ལས་ ཁ་ཙ་ ལྕང་གཡུས་ལུ་ གླ་འཁོར་ནང་འཛུལ་ཏེ་ ཚར་༢ ཁྱིམ་འཚོལ་བར་སོང་རུང་ ཐོབ་མ་ཚུགསཔ་ཨིན་པས།
ཨ་རིང་ཅིག་ནང་ སྒར་བཅགས་ནི་སྦེ་ ཇོ་བདག་དང་གཅིག་ཁར་ བློ་སླབ་པའི་སྐབས་ གུར་ཆུང་ཀུ་ཅིག་ སྤུབས་སའི་ས་གོ་ལུ་ འཐུས་དངུལ་ཀྲམ་༣,༠༠༠ སླབ་ནི་དེ་གིས་ ལེན་མ་ཚུགས་ཟེར་ཨིནམ་ད་ ཁོ་ར་ལུ་ཡོད་པའི་ ཏི་རུ་དེ་ ས་འཐུས་སྦེ་སྤྲོད་པ་ཅིན་ ཁོང་ར་བཟའ་ནི་མི་ལང་ནི་མས་ཟེར་ སླབ་ཨིན་པས།
སེངྒེ་དབང་མོ་གིས་ སླབ་མིའི་ནང་ རྫོང་གི་ཉེ་འདབས་ལུ་ སྒར་བཅག་ནི་གི་ དཔའ་བཅམ་རུང་ ཁྲིམས་སྲུང་འགག་པ་ཚུ་གིས་ བདའ་བཏངམ་ལས་ ག་ཏེ་སྡོད་ནི་ཨིན་ན་ མ་ཤེས་པར་ཡོད་ཟེར་ཨིནམ་ད་ གལ་སྲིད་ སྡོད་ས་མ་ཐོབ་པ་ཅིན་ འཇིགས་མེད་ཐང་གི་ཨ་རྒས་འབད་སར་ ལོག་འགྱོ་དགོཔ་འཐོན་ནི་མས་ཟེར་ཨིན་པས།
གཡུས་ཚན་དེ་ ཁུ་རུ་ཐང་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ ས་ཁར་ཨིནམ་ད་ སེངྒེ་དབང་མོ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་དཀའ་ངལ་དེ་ ཕུན་ཚོགས་གླིང་ལུ་ བཀའ་མའི་དབང་གི་སྐབས་ལུ་ཡང་ མ་ཐོན་ཟེར་ཨིནམ་ད་ དེ་བསྒང་ཡང་ མི་ལེ་ཤ་འཛོམས་ཅི་ཟེར་ཨིན་པས།
ཁ་ཙ་ཉིན་མ་ ཁོང་མ་སྨད་༢ བཟའ་ཁང་ཅིག་ནང་ ལྟོ་བཟའ་ཡོད་རུང་ རྨགཔ་དེ་ ཤ་མ་བཟའ་ནི་དེ་གིས་ ལྟོ་མ་བཟའ་ཟེར་ཨིནམ་ད་ ཕྱི་རུའི་ལྟོ་དེ་ བཟའ་ཁང་ནང་ བཟའ་ཚུགས་པའི་ འོས་འབབ་མེདཔ་ལས་ ས་གནས་དེ་ཁ་ར་ བཟོ་བཟའ་ནིའི་མནོ་བསམ་བཏང་དོ་ཟེར་ སེངྒེ་དབང་མོ་གིས་ སླབ་ཡོདཔ་ད་ དེ་ཡང་ རྒྱགས་སྐལ་དང་ མེ་རླུང་རྒྱ་ཛི་ དེ་ལས་ ཐབ་ཆས་ཚུ་ཡོདཔ་ལས་ ལྟོ་འབད་བཟའ་རུང་ དཀའ་ངལ་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མ་གཞི་ གུར་འབག་ནི་ཡོདཔ་ལས་ སྤུབས་སའི་ས་གོ་མ་ཐོབ་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ ཁོང་གིས་ལྕང་གཡུས་དང་ འཛོམས་གླིང་ཐང་ལུ་ ཁང་མིག་ཚུ་ ཁང་གླར་ནང་ ཐོབ་པའི་སྐོར་ལས་ མ་ཤེས་ནི་དེ་གིས་ དེའི་ཞབས་ཏོག་ལེན་ནིའི་དོན་ལུ་ ཇོ་བདག་ཚུ་གི་ འགྲུལ་འཕྲིན་ཨང་ཚུ་བྱིན་རུང་ འགྲུལ་འཕྲིན་ལག་ལེན་འཐབ་མ་ཤེསཔ་ལས་ འབག་ནི་མེད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གལ་སྲིད་ རྩ་ལས་ར་ ཁྱིམ་མ་ཐོབ་པ་ཅིན་ ཁུ་རུ་ཐང་གི་ ཨ་རིང་ཚུ་ནང་ གུར་སྤུབས་སྡོད་ནིའི་ གོ་སྐབས་བལྟ་དགོ་པས་ཟེར་ཨིན་པས།
དབང་འགོ་བཙུགས་ནིའི་དོན་ལུ་ བཅའ་སྒྲིག་ཚུ་ བརྒྱ་ཆ་༩༩ དེ་ཅིག་ རྐྱབ་ཚར་ཡི་ཟེར་ སྤུ་ན་ཁ་རྫོང་བདག་ ཀུན་བཟང་ཨེན་ཚེ་རིང་གིས་ སླབ་ཡོདཔ་ད་ དེ་བཟུམ་གྱི་གྲུབ་འབྲས་ དུས་ཡུན་ཆུང་ཀུ་ཅིག་ནང་ བཏོན་ཚུགས་མི་དེ་ དམག་མི་༢༠༠ དེ་ཅིག་གིས་ཉིན་ནུབ་མེད་པར་ ལཱ་ལུ་བཙོན་ཤུགས་བསྐྱེད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབང་གནང་སའི་ ས་ཁོངས་བྱིན་གྱིས་བརླབས་ནིའི་དོན་ལུ་ སྔོན་བསྟོད་གནང་ཡོདཔ་ད་ དེ་བསྒང་ དགེ་སློང་༢༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment