གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་གསརཔ་གིས་ མི་དབང་མཆོག་ལུ་ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

༢༡/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་གསརཔ་ ཏ་ཀི་ཤི་ ཡཱ་གི་གིས་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གཞུང་ཚབ་ཏ་ཀི་ཤི་ ཡཱ་གི་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཕྱི་འབྲེལ་དྲུང་ཆེན་ དྲགོས་ཡེ་ཤེས་རྡོ་རྗེ་དང་གཅིག་ཁར་ མཇལ་ཕྲད་གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།

ཇ་པཱན་གྱི་གཞུང་ཚབ་གསརཔ་ ཏ་ཀི་ཤི་ ཡཱ་གི།


གཞུང་ཚབ་གསརཔ་གིས་འབད་བ་ཅིན་ འབྲུག་དང་ ཇ་པཱན་གྱི་བར་ན་ ད་ལྟོ་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ གནས་བཞིན་ཡོད་མི་དེ་ ལྷག་པར་དུ་ ཡར་དྲག་གཏང་ནིའི་ རེ་བ་ཡོད་ཟེར་ཨིན་པས།
དྲགོས་ཡེ་ཤེས་རྡོ་རྗེ་གིས་ འབྲུག་གཞུང་གི་ཁ་ཐུག་ལས་སྦེ་ ཇ་པཱན་གྱི་ གཞུང་དང་མི་སེར་ཚུ་གིས་ འབྲུག་གི་ མི་སྡེའི་དཔལ་འབྱོར་གོང་འཕེལ་ནང་ བརྩེ་གདུང་ཆེ་བའི་ གྲོགས་རམ་འབད་མི་དེ་ལུ་ ཧིང་གི་གདིང་ལས་ར་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཏ་ཀི་ཤི་ ཡཱ་གི་དེ་ ད་རེས་ གཞུང་ཚབ་གསར་པའི་ གོ་གནས་ལུ་ མ་བསྐོས་པའི་ཧེ་མར་ ཕྱི་འབྲེལ་ལྷན་ཁག་གི་ དཔལ་འབྱོར་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ཨིན་པས།
འབྲུག་དང་ ཇ་པཱན་གྱི་མཐུན་ལམ་དེ་ འཕྲོ་མཐུད་དེ་ར་ ལེགས་སྨོན་དང་ མཉམ་འབྲེལ་དམ་ཟབ་ཀྱི་ཐོག་ལུ་ གནས་ནི་ཨིན་པས།
འབྲུག་དང་ ཇ་པཱན་གྱི་བར་ནའི་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༡༩༨༦ གི་ ཟླཝ་༣ པའི་ནང་ གཞུང་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment