གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་མཆོག་འཁོར་ལོ་སྡོམ་པ་ ཞབས་དྲུང་གི་ ཡིད་དམ་ལྷ་གཙོ་ཅན་ཅིག་ཨིནམ།

༢༩/༡༢/༢༠༡༢   ༉ སྤུ་ན་ཁ་ཐང་བཟང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་པའི་བསྒང་ཡོད་མི་ལས་ ད་རིས་ བདེ་མཆོག་བཅུ་གསུམ་མའི་ བཀའ་དབང་གནང་ནི་ཨིན་པས།
བདེ་མཆོག་འཁོར་ལོ་ཡབ་ཡུམ།


ཁ་ཙ་ བདེ་མཆོག་དྲུག་ཅུ་མའི་ བཀའ་དབང་དངོས་གཞི་གནངམ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ཡང་ གྲལ་གཏོགས་གནང་ཡི།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ བཀའ་དབང་སྐབས་ ལྷ་གཙོ་འཁོར་རྒྱས་པ་དེ་ ཡོངས་རྫོགས་གནང་ནི་ཟེར་ བཀའ་ལུང་བཤད་གྲྭའི་མཁན་པོ་ ཀརྨ་རང་གྲོལ་གྱིས་ བཤདཔ་ཨིན་པས།
བདེ་མཆོག་འཁོར་ལོ་སྡོམ་པ་དེ་ འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་ནང་ རྩ་ཆེ་ཤོས་ཅིག་སྦེ་ བརྩིས་འཇོག་འབད་མི་དེ་ཡང་ ཞབས་དྲུང་ངག་རྣམ་རྒྱལ་གྱི་ ཡིད་དམ་གྱི་ ལྷ་གཙོ་ཅན་ཅིག་ འབད་བ་ལུ་བརྟེན་ཨིན་པས།
བདེ་མཆོག་འཁོར་ལོ་སྡོམ་པ་དྲུག་ཅུ་མའི་ནང་ ཡབ་ཞལ་༤ འབད་མི་ ཧེ་རུ་ཀ་དང་ ཡུམ་རྡོ་རྗོ་ཕག་མོ་ཞལ་གཅིག་གི་ དབང་རིགས་གནང་ཡོདཔ་ད་ ཡབ་དང་ ཡུམ་སྦྱོར་བའི་ ཚུལ་ཡོད་མི་དེ་ ཤེས་རབ་སྟོང་པ་ཉིད་དང་ ཐབས་སྙིང་རྗེ་ཟུང་འཇུག་གི་ བརྡ་མཚོན་ཨིན་པས།
མཁན་པོ་ཀརྨ་རང་གྲོལ་གྱིས་ ཡབ་དང་ ཡུམ་སྦྱོར་བའི་སྐབས་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་ཟེར་ ཞུཝ་ཨིན་ བཤད་པའི་ཁར་ བཀའ་དབང་དེ་ རྒྱས་པ་དང་འབྲིང་པོ་ དེ་ལས་ བསྡུས་པ་སྦེ་ཡོད་མིའི་གྲས་ལས་ ཁ་ཙ་ རྒྱས་པ་ ཡབ་ཧེ་རུ་ཀའི་འཁོར་དང་བཅསཔ་སྦེ་ བདེ་མཆོག་དྲུག་ཅུ་མ་དང་ ཡུམ་རྡོ་རྗེ་ཕག་མོ་ ལྷ་མོ་༡༥ མ་ཟེར་མི་གནང་ཡི།
ད་རིས་ བདེ་མཆོག་སུམ་ཅུ་འབྲིང་པ་གནང་པའི་སྐབས་ ཡབ་ཧེ་རུ་ཀ་༡༣ དང་ཡུམ་ ལྷ་མོ་༧ དེ་ལས་ བསྡུས་པའི་སྐབས་ལུ་ བདེ་མཆོག་ལུས་དཀྱིལ་དང་ ལྷན་སྐྱེས་ཟེར་མི་ གནངམ་ཨིན་པས།
ཡབ་ཧེ་རུ་ཀ་ལུ་ ཞལ་༤ ལས་ མདོག་མཐིང་ནག་དང་ སེར་པོ་ དམར་སེར་ དེ་ལས་ ལྗང་ཁུ་ཡོདཔ་ད་ ཕྱག་༡༢ ཡོདཔ་ཨིན་པས།
ཡུམ་རྡོ་རྗེ་ཕག་མོ་ལུ་ ཞལ་དམར་སེར་འབད་མི་ ཕྱག་༢ ཡོདཔ་ད་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་དེ་ ལྷན་སྐྱེས་ཟེར་ ཆོས་སྐུ་རྡོ་རྗེ་འཆང་ཨིནམ་ད་ དེ་ལུ་ ཆོས་སྐུ་ཟེར་ཡང་ ཞུ་དོ་ཡོདཔ་ཨིན་པས།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་དེ་ ནུབ་ཕྱོགས་ཨྱོན་ཡུལ་ལུ་ ཏི་ལི་ཤེས་རབ་བཟང་པོ་གིས་ རྗེ་བཙུན་མ་ རྡོ་རྗེ་རྣལ་འབྱོར་མའི་ ཞལ་དངོས་སུ་མཇལ་ཏེ་ མོ་ལས་ཞུ་མི་ ཡིད་དམ་གྱི་ བཀའ་དབང་དེ་ ད་རེས་ཐོབ་མི་ཚུ་གིས་ ཚེ་གཅིག་ལུས་གཅིག་ལུ་ སངས་རྒྱས་ཚུགས་པའི་ རྟེན་འབྲེལ་ཨིན་ཟེར་ མཁན་པོ་ཀརྨ་རང་གྲོལ་གྱིས་ བཤདཔ་ཨིན་པས།
དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་བཀའ་དབང་ སྤུ་ན་ཁ་ལུ་ གནང་དགོ་མི་དེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ དབུ་རྩེ་འོག་ལུ་ བདེ་མཆོག་གི་ དཀྱིལ་འཁོར་ཡོད་མི་ལུ་བརྟེན་ ཨིནམ་ལས་ ཞབས་དྲུང་རིན་པོ་ཆེ་གིས་ཡང་ སྤུངས་ཐང་བདེ་བ་ཆེན་པོའི་རྫོང་དེ་ གདན་ས་ངོ་མ་ཅིག་སྦེ་ ཕྱག་བཏབ་གནང་ནི་དེ་གིས་ཨིན་ཟེར་ རྟ་ལོག་བཤད་གྲྭའི་དབུ་འཛིན་ སྤྲུལ་སྐུ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞབས་དྲུང་རིན་པོ་ཆེ་ འབྲུག་ལུ་བྱོན་མི་དེ་ གུ་རུ་རིན་པོ་ཆེ་གིས་ ལུང་བསྟན་དང་འཁྲིལ་ཏེ་ཨིན་ཟེར་ སླབ་དགོ་མི་དེ་ཡང་ ལུང་བསྟན་ནང་ རི་བོ་གླང་ཆེན་འགྱིང་འདྲའི་སྣ་སྟེང་ན། །
སྐྱེས་བུ་རྣམ་རྒྱལ་ཞེས་བྱའི་མཚན་ཅན་བྱོན།། ཟེར་གསུངས་བཞག་ནུག་ཟེར་ཨིན་པས།
ནངས་པ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་ གནང་ནི་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment