གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མདའ་རྩེདཔ་དྲག་ཤོས་ཀྱི་ གསོལ་རས་ཡང་ རྒྱལ་ཁ་ཐོབ་མི་ སྡེ་ཚན་ལས་ཐོབ་ཡོདཔ།

༢༤/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་འགོ་བཙུགས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཐིམ་ཕུ་མཉམ་རོགས་སྡེ་ཚན་༢ ཀྱི་བར་ན་ འབྲུག་དབང་རྒྱལ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ ཁ་ཙ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ མདའ་རྩེདཔ་བཀྲིས་ཀྱིས་ དོ་སྦྱེལ་རྐྱབ་ཐོག་ལས་ སྐུགས་༢ པ་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
མཐའ་བཅད་འགྲན་བསྡུར་ནང་ ཆོད་མདའ་རྐྱབ་མི་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ མདའ་རྩེདཔ་བཀྲིས་དེ་ ཆ་རོགས་ཚུ་གིས་ ཕྱག་ལྟག་གུ་བཀལ་ཐོག་ལས་ འབའ་ཚང་ནང་ འབག་འགྱོ་བའི་བསྒང་།


དེ་ཡང་ ཉིནམ་དང་པའི་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ སྐུགས་དང་པ་དེ་ ཆོད་ཡོད་རུང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཁ་ཙ་ འཕྲོ་མཐུད་དེ་ རྩེད་འགྲན་འབད་བའི་སྐབས་ སྐོར་ཐེངས་༣ པའི་ནང་ གློག་མེ་ལས་འཛིན་གྱི་ མདའ་རྩེདཔ་༣ གྱིས་ བཀག་རེག་ཕོག་མི་ལས་ བཀྲིས་ཀྱིས་ དོ་སྦྱེལ་རྐྱབ་སྟེ་ བྱང་ཕྱད་སྡེ་ཚན་ ཐིམ་ཕུ་མཉམ་རུབ་དེ་ སྐུགས་༢༥-༧ ཐོག་ལུ་ ཕམ་བཏང་ཡོདཔ་ད་ ཁ་ཙ་དྲོ་པར་ རྒྱལ་ཕམ་གྱི་ རྩེད་འགྲན་འགོ་བཙུགསཔ་ད་ གློག་མེ་ལས་འཛིན་དེ་ སྐུགས་༡༩ དང་ བྱང་ཕྱད་སྡེ་ཚན་ལུ་ སྐུགས་༣ མ་གཏོགས་མེདཔ་ཨིན་པས།
རྒྱལ་ཁ་ཐོབ་མི་ རྩེད་འགྲན་པ་ཚུ་ལུ་ དངུལ་ཀྲམ་༩,༠༠༠ རེ་གནས་མི་ གོ་ལ་འཁྱུ་ནིའི་ འཕྲུལ་ཆས་རེ་དང་ ཨང་༢ པ་ཐོན་མི་  མདའ་རྩེདཔ་རེ་ལུ་ རིན་གོང་དངུལ་ཀྲམ་༨,༥༠༠ རེ་གནས་མི་ ཊི་བི་ཨིན་ཅི་༢༡ འབད་མི་རེ་ གསོལ་རས་སྦེ་བྱིན་ཡི།
དེ་ལས་ མཐའ་བཅད་འགྲན་བསྡུར་འོག་མ་ཚུན་ བཀག་རེག་༢༠ ཕོག་མི་ དབའི་ཆ་རོགས་སྡེ་ཚན་ལས་ ལྷུན་གྲུབ་ཀྱིས་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ གནས་མི་ ཊི་བི་ཨིན་ཅི་༣༡ འབད་མི་༡ ཐོབ་ཡོདཔ་ད་ ཐིམ་ཕུ་མཉམ་རོགས་སྡེ་ཚན་ལས་ པདྨ་རྒྱལ་མཚན་གྱིས་ སྐོར་ཐེངས་༤༥ འི་ནང་ དོ་སྦྱེལ་༢ ཕོག་སྟེ་ དོ་སྦྱེལ་མཐོ་ཤོས་ཀྱི་གསོལ་རས་ ཊི་བི་ཨིན་ཅི་༢༡ འབད་མི་ཅིག་ཐོབ་ཅི།
དེ་བཟུམ་སྦེ་ མདའ་ཡ་མཐོ་ཤོས་ཀྱི་གསོལ་རས་ ཊི་བི་ཨིན་ཅི་༢༡ འབད་མི་དེ་ ཐིམ་ཕུ་མཉམ་རོགས་ལས་ འཆི་མེད་རྒྱ་མཚོ་གིས་ཐོབ་ཡོདཔ་ད་ ཁོ་གིས་ མདའ་ཡ་༩ རྐྱབ་ཡོདཔ་ཨིན་པས།
དེ་ལས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ལས་ བཀྲིས་ཀྱིས་ ཉིནམ་༡ ནང་ བཀག་རེག་༥ རྐྱབ་སྟེ་ ཉིནམ་༡ གི་ བཀག་རེག་མཐོ་ཤོས་དང་ མཐའ་བཅད་འགྲན་བསྡུར་ནང་ དོ་སྦྱེལ་༣ རྩིས་ཏེ་ བཀག་རེག་༡༡ ཕོགཔ་ལས་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་ ཨིན་ཅི་༢༡ འབད་མི་ ཊི་བི་༢ ཐོབ་ཅི།
དུས་ཅིའི་རྩེད་འགྲན་ནང་ སྡེ་ཚན་༡༩ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment