གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་གླིང་ཀའི་ འཛུལ་སྒོ་ཉམས་བཅོས་འབད་རུང་ ཨ་ལུའི་ཕམ་ཚུ་ལུ་འདྲོག་སྣང་།

༢༧/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༢ ཀྱི་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་འོག་ལུ་ བརྒྱ་འཁོར་ཨ་ལུའི་གླིང་ཀ་ནང་ ལྕགས་ཁྲམ་སྒོ་ར་འགྱེལ་འོངམ་ད་ མགུ་ཏོ་ཁར་ཕོག་སྟེ་ སྐྱེས་ལོ་༢ ལང་མི་ ཨ་ལུ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ལྕགས་ཁྲམ་སྒོ་ལོག་བཙུགས་སྒྲིག་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ལས་བྱེདཔ་ཚུ་གིས་ གླིང་ཀའི་འཛུལ་སྒོ་ཉམས་བཅོས་འབད་བའི་བསྒང་།


དེ་འབདཝ་ད་ གླིང་ཀ་དེ་ནང་ ཨ་ལུ་རྩེདམོ་རྩེ་ནི་གི་ ཅ་ཆས་ལ་ལུ་ཅིག་ མེདཔ་ཐལ་ཏེ་ ལྕགས་ཚུ་དེ་སྦེ་ར་ བཞག་ཡོདཔ་མ་ཚད་ འཐུང་ཆུའི་ཀ་ལི་ཚུ་ཡང་ བསུབས་ཡོདཔ་ལས་ དེ་ནང་ ཨ་ལུ་རྩེདམོ་རྩེ་བར་ཁྱིད་འོང་མི་ ཕམ་ཚུ་གིས་ རྩེད་ཐང་དེ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཁྲོམ་སྡེའི་ཁ་ཐུག་ལས་ ག་ཅི་ར་འབད་དོ་ག་ཟེར་བའི་ དྲི་བ་བཀོད་དོ་ཡོདཔ་ཨིན་པས།
ཨ་ལུའི་ཕམ་ཅིག་ཨིན་མི་ ཚེ་དབང་གིས་ སླབ་མིའི་ནང་ མོ་གི་ བུམོ་དེ་གིས་ བདུན་མཐའི་སྐབས་ གླིང་ཀ་ནང་ རྩེདམོ་རྩེ་བར་མ་འགྱོ་བར་ ཉན་རང་མི་བཏུབ་དོ་ཡོདཔ་ལས་ ཐབས་ར་མེད་པར་ འཁྱིད་འགྱོ་དགོ་པས་ཟེར་ཨིནམ་ད་ ད་རེས་ཀྱི་ རྐྱེན་ངན་ལུ་བརྟེན་ ཉེན་སྲུང་མེད་པའི་ གླིང་ཀ་དེ་ནང་ ཨ་ལུ་འཁྱིད་འགྱོ་ནི་ལུ་ འདྲོག་སྣང་བྱུངམ་ཨིན་རུང་ ཨ་ལུ་གིས་ ཧ་མི་གོ་བས་ཟེར་ མོ་གིས་ སླབ་ཨིན་པས།
གླིང་ཀ་བདག་འཛིན་འཐབ་མི་ སྲུང་རྒྱབ་གསུམ་ཡོདཔ་ད་ ཁོང་ཆ་ཁྱབ་ གླིང་ཀའི་མཐའམ་བདའ་སྟེ་ གཞུང་ཁྱིམ་ནང་ སྡོད་དོ་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ ཁོང་གི་ ལཱ་ངོ་མ་ར་ ཨ་ལུའི་རྩེད་ཆས་ཚུ་ ཨ་ལུ་ཚུ་གིས་ མེདཔ་བཏང་མི་བཏང་བལྟ་ནི་རྐྱངམ་གཅིག་ཨིན་ཟེར་ཨིན་པས།
ད་རུང་ སྟོན་པའི་སྐུ་འདྲ་ཡོད་མི་ ཐའི་དྲན་རྟེན་ཁང་ནང་ ཨ་ལུའི་རྩེད་ཐང་དེ་ཡང་ ཉེན་སྲུང་དང་ ལྡན་ཏོག་ཏོ་ཅིག་མེད་པའི་ཁར་ ཨ་ལུ་ཚུ་དཔྱངས་ཏེ་རྩེ་མི་ ཐགཔ་ཚུ་ག་ར་ ཆད་འགྱོ་ནི་བཟུམ་ཡར་སོ་ནུག་ཟེར་ ཨ་ལུའི་ཕམ་ཅིག་ཨིན་མི་ པདྨ་གིས་ སླབ་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ གླིང་ཀ་དང་ རྩེད་ཐང་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ཁྲོམ་སྡེ་གིས་ ལོ་བསྟར་བཞིན་དུ་ མ་དངུལ་བཞག་ནི་ཡོདཔ་ཨིན་རུང་ མ་དངུལ་ལག་ལེན་འཐབ་སྟེ་ ལཱ་འབད་མི་ འགོ་དཔོན་ལངམ་མེད་མི་ལུ་བརྟེན་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
མི་མང་ལས་ ཉོགས་བཤད་དང་ ཐོབ་ཁུངས་ཚུ་ ཚད་ལྡན་ཅིག་ལས་བརྒལ་མེད་ནི་དེ་གིས་ ཁྲོམ་སྡེ་ནང་ ལཱ་འབད་མི་ཡང་ མི་ཐོན་པས་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ ཁྲོམ་སྡེའི་ཁ་ཐུག་ལས་ ལས་གཡོགཔ་ཚུ་ལུ་ ཐོབ་ཁུངས་ཡར་སེང་རྐྱབ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ གྲོས་འཆར་ཕུལ་ནི་དང་ གླིང་ཀ་ནང་ བཟང་ཁང་ཅིག་ སྒོ་ཕྱེ་བཅུག་ཐོག་ལས་ བཟའ་ཁང་བཙུགས་མི་ལུ་ གླིང་ཀ་རྒྱུན་སྐྱོང་འཐབ་བཅུག་ནི་གི་ འཆར་གཞི་ཚུ་ཡང་ཡོད་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གླིང་ཀ་ནང་གི་ ཅ་ཆས་བདག་འཛིན་འཐབ་ནི་དང་ རང་སོའི་ཨ་ལུ་ཚུ་ བདག་འཛིན་འཐབ་ནི་དེ་  ཕམ་ཚུ་གི་ འགན་ཁུར་ཡང་ཨིན་ཟེར་ཨིན་པས།
གླིང་ཀ་འདི་ སྤྱི་ལོ་༢༠༠༨ ལུ་ ས་ཆ་ཨེ་ཀར་༥.༦ ནང་ བཟོ་སྐྲུན་འབད་ཡོད་པའི་གནས་ཚུལ


ཡེ་ཤེས་སྒྲོལ་མ།

No comments:

Post a Comment