གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་དེད་གཡོགཔ་༡ ཁ་འཐུམ་མར་བསད་ཡོདཔ།

༢༩/༡༢/༢༠༡༢   ལམ་འགྲུལཔ་༣ ལུ་ རྨ་སྐྱོན་བྱུང་མི་ལས་༡ གནས་སྟངས་ཚབས་ཆེན་ཐོག་ཡོདཔ་ཨིན་པས།
༉ ཁ་ཙ་དྲོ་པར་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ སི་རི་རམ་པུར་ལུ་ འབྲུག་མི་ལམ་འགྲུལཔ་ཚུ་ འཛུལ་འགྱོ་མི་ སྣུམ་འཁོར་ཊ་ཊ་ཨི་ཀོ་དེ་ རྒྱ་གར་གྱི་ འགྲུལ་སྐྱེལ་བཱསི་དང་ ཐུག་རྐྱེན་བྱུངམ་ལས་ འབྲུག་གི་དེད་གཡོགཔ་དེ་ ཁ་འཐུམ་མར་ བསད་ཡོདཔ་མ་ཚད་ གཞན་༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།


རྨ་སྐྱོན་བྱུང་མི་ སྐྱེས་ལོ་༤༢ དང་༤༥ ལང་མི་ ཨམ་སྲུ་གཉིས་དང་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་དེ་ ནདཔ་སྐྱེལ་ལེན་སྣུམ་འཁོར་གྱིས་སྦེ་ ཕུན་ཚོགས་གླིང་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ རྐྱེན་ངན་སྐབས་ ཚེ་འདས་དེད་གཡོགཔ་གི་ ཨ་ལུ་༢ ལུ་ གནོད་སྐྱོན་མ་བྱུང་པས།
ཕུན་ཚོགས་གླིང་སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་དེ་གི་ མགུ་ཏོ་ཁར་ རྨ་སྐྱོན་སྦོམ་བྱུང་ཡོདཔ་མ་ཚད་ ཆག་དཀྲུམ་ལེ་ཤ་ཡོདཔ་ལས་ གནས་སྟབས་ཚབས་ཆེན་ཐོག་ཡོདཔ་ཨིན་རུང་ རྨ་སྐྱོན་བྱུང་མི་ གཞན་༢ ཀྱི་ གནས་སྟངས་དེ་ ཁ་ཙ་ ཕྱི་རུ་ཚུན་ཚོད་ ལེགས་ཤོམ་སྦེ་ར་ཡོད་ཟེར་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁ་ཙ་དྲོ་པའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ ཊ་ཊ་ཨི་ཀོ་དེ་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་ལུ་འགྱོཝ་ད་ ནུབ་བེང་གཱལ་དང་ ཨ་སམ་མངའ་སྡེའི་ ས་མཚམས་ཨིན་མི་ སི་རི་རམ་པུར་གྱི་ གཞུང་ལམ་ཁར་ རྒྱ་གར་གྱི་ འགྲུལ་འཁོར་བཱསི་དང་ ཁ་ཐུག་རྐྱབ་ནུག་ཟེར་ཨིན་པས།
དེད་གཡོགཔ་གི་ཕུངམ་དང་ ཁོ་གི་ཨ་ལུ་༢ འབྲུག་གི་ཁྲིམས་སྲུང་འགག་པའི་ གྲོགས་རམ་ཐོག་ལུ་ ཚེ་འདས་ཀྱི་ ཉེ་ཚན་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལུ་ འབག་སོང་ཡོདཔ་ཨིན་པས།
རྐྱེན་ངན་གྱི་སྐོར་ལས་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ ཉིན་ཡོལ་ཅིག་ཁར་ སྙན་ཞུ་འབད་ཡོད་པའི་གནས་ཚུལ།
 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment