གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོབ་རིལ་མིའི་ནང་ དེད་གཡོགཔ་ལུ་ཤི་རྐྱེན།

༢༠/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༡༧ གྱི་ནུབ་མོར་ དབང་འདུས་ཕོ་བྲང་གི་ས་གནས་ ཆུ་འཛོམས་ས་ལུ་ སྣུམ་འཁོར་བོ་ལི་རོ་༡ ལམ་འོག་ལས་མར་ རྦིབ་རིལ་འགྱོ་མིའི་ནང་ སྐྱེས་ལོ་༡༧ ལང་མི་ དེད་གཡོགཔ་ཅིག་ ཁ་འཐུམ་མར་བསད་ཡོདཔ་ཨིན་པས།


ཆུ་འཛོམས་ས་དེ་ བ་འཇོ་ཁྲོམ་རྙིངམ་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ ས་ཁར་ཨིན་པས།
སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་༣༥༠ དེ་ཅིག་ རྦོལ་རིལ་འགྱོཝ་ད་ དྭངས་ཆུ་ནང་ བུད་ཡོདཔ་ཨིན་པས།
བཀྲིས་སྒང་ མཁའ་གླིང་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཅིག་ སྤུ་ན་ཁ་ ཁུ་རུ་ཐང་ལུ་ བསྐྱལ་བར་སོང་སྟེ་ ལོག་འོང་པའི་ལམ་ཁར་ རྦོབ་རིལ་ཡོདཔ་ད་ ཁོ་ར་ ཆུ་འཛོམས་སའི་ ཉེ་འདེབས་ལུ་ སྡོད་དོ་ཡོདཔ་ཨིན་པས།
རྐྱེན་ངན་ག་དེ་སྦེ་བྱུང་བྱུངམ་ཨིན་ན་ ད་ལྟོ་ དབྱེ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment