གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡོ་སྒྱུའི་ཐོག་ མི་རྩིས་སྤོ་སོར་འབད་ཡོདཔ།

༢༧/༡༢/༢༠༡༢    ༉ ཨ་པ་དང་ བུམོ་གི་བར་ན་ གཡོ་སྒྱུའི་ཐོག་ལས་ མི་རྩིས་སྤོ་སོར་འབད་བའི་རྩོད་རྙོགས་ལུ་བརྟེན་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་ལས་ གནང་མི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པའི་སྐོར་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཡོད་རུང་ བསྒྱུར་ལྡོག་མེད་པར་ རང་འཇགས་གནང་ཡོདཔ་ཨིན་པས།


དེ་ཡང་ བསམ་རྩེ་རྫོང་ཁག་ བསམ་རྩེ་རྒེད་འོག་ གཡུས་མཁའ་འགྲོ་ཐང་ནང་ གཞིས་ཆགས་སྡོད་མི་ ནང་མི་བཟའ་ཚང་ གཙོ་ཅན་བུམོ་ཨྱོན་ཆོས་སྒྲོན་གྱི་ བདག་དབང་ལུ་ཡོད་པའི་ས་དང་ཁྱིམ་ནང་ བཀྲིས་སྒང་རྫོང་ཁག་ ཀླུ་མང་རྒེད་འོག་ གཡུས་སེར་ཐང་ལས་ མོ་རའི་ཨ་པ་ སངས་རྒྱས་རྡོ་རྗེ་གིས་ དབང་བཙོང་ཐོག་ལུ་ སྡོད་ཡོདཔ་མ་ཚད་ བུ་ཨྱོན་རྡོ་རྗེ་གི་ མི་རྩིས་སྤོ་སྟེ་ གཙོ་ཅན་གྱི་ མི་རྩིས་གྲངས་སུ་ མཉམ་བསྡེབས་འབད་ཡོདཔ་སྦེ་ བཀོད་ནུག།
ཨྱོན་རྡོ་རྗེ་གི་མི་རྩིས་ བཀྲིས་སྒང་ལས་ བསམ་རྩེ་རྫོང་ཁག་ནང་ སྤོ་ནིའི་དོན་ལུ་ མི་རྩིས་གནས་སོར་གྱི་ འབྲི་ཤོག་ཚུ་ནང་ བུམོ་ཨྱོན་ཆོས་སྒྲོན་ལས་གནང་བ་མེད་པར་ ལག་རྗེས་རྫུན་མ་རྐྱབ་མི་ལུ་བརྟེན་ ཉེས་ཕྲའི་ཉེས་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།
དེ་ལས་ རྒཔོ་བགྲེསཔ་རྡོ་རྗེ་དབང་འདུས་དང་ གཞིས་གསར་འགོ་དཔོན་ བཀྲིས་རྒྱལ་མཚན་༢ ལུ་ ཉེས་ཁྲིམས་ཟླ་ངོ་༦ ཕོག་མིའི་ཁྲིམས་འཐུས་དངུལ་ཀྲམ་༡༨༠༠༠ སྤྲོད་དགོཔ་ཨིན་པས།
ཁྲིམས་འདུན་ལས་ མི་རྩིས་སྤོ་རྒྱུའི་ཡིག་ཆ་རྫུན་མ་བཟོ་སྟེ་ རང་གི་གདོང་ཁར་ཐོབ་པའི་སྐབས་ དེའི་ཞིབ་དཔྱད་དང་ དག་བཅོས་འབད་ནིའི་འགན་ཁུར་དེ་ འགོ་དཔོན་ཚུ་ལུ་ཕོགཔ་ལས་ རང་གི་འགན་ཁུར་ སྣང་མེད་ཐོག་ ཡིག་ཆ་ཚུ་ ཚུལ་མཐུན་ཡིན་མིན་གྱི་ ཞིབ་དཔྱད་མ་འབད་བར་ མིང་རྟགས་བཀོདཔ་ལས་ ཉོགས་འཛིང་ཐོན་ནུག་ཟེར་ཨིན་པས།
སྤྱི་ཟླ་༡༢ པའི་༢༥ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ གནང་མི་འཁྲུན་ཆོད་དང་འཁྲིལཝ་ད་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་ལས་ གནང་མི་ལུ་གཞིར་བཅོལ་ཐོག་ བུ་ཨྱོན་རྡོ་རྗེའི་མི་རྩིས་ བསམ་རྩེ་རྫོང་ཁག་ནང་ ཐོ་བཀོད་འབད་མི་དེ་ ཆ་མེད་ཨིནམ་ད་ བསམ་རྩེ་རྫོང་ཁག་བདག་སྐྱོང་ལས་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་དང་འཁྲིལ་ བཀྲིས་སྒང་རྫོང་ཁག་ ཡང་ན་ རྫོང་ཁག་གཞན་ནང་ མི་རྩིས་སྤོ་དགོ་པའི་ འཁྲུན་ཆོད་གནང་བའི་ཉིན་མ་ལས་ ཟླཝ་༢ ཀྱི་ནང་འཁོད་ལུ་ འབད་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment