གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ ལྷ་ཁང་ཅིག་ནང་ལས་ གླངམོ་ཆེ་གི་མཆེཝ་༤ ཨར་རྐུན་ཤོར་ཡོདཔ།

༢༤/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༠ གི་ཕྱི་རུ་ སྤ་རོ་སྟག་ཚང་གི་ལྟག་ལུ་ཡོད་མི་ ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ གླངམོ་ཆེ་གི་མཆེཝ་༤ ཨར་རྐུན་ཤོར་ཡོདཔ་ཨིན་པས།


ལྷ་ཁང་ནང་ སྡོད་མི་ཚུ་གིས་ གླངམོ་ཆེའི་མཆེཝ་ ཨར་རྐུན་ཤོར་ཡོད་པའི་སྐོར་ལས་ དེ་གི་ནངས་པར་མ་གཏོགས་ ཤེས་མ་ཚུགསཔ་ཨིན་པས།
སྤ་རོའི་ཁྲིམས་སྲུང་འགག་པའི་སྡེ་འཛིན་ ལིང་དཔོན་རྒྱ་མཚོ་ལ་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་གིས་ ཨར་རྐུན་ཤོར་མིའི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྤ་རོ་ལས་ ས་གནས་གཞན་ཁར་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ དབུས་སུ་ནང་ཟམ་གྱི་ ས་ཁོངས་ནང་ལས་ ཞིབ་དཔྱད་ཚུ་འབད་བཞིན་དུ་ཡོདཔ་ཨིན་པས།
ལིང་དཔོན་རྒྱ་མཚོ་ལ་གིས་འབད་བ་ཅིན་ ཨར་རྐུན་ཤོར་བའི་ ས་གནས་ནང་ལས་ མཛུབ་པར་ཚུ་བལྟ་ནི་གི་ ཐབས་ལམ་ཚུ་ བཏོན་པའི་བསྒང་ར་ཡོད་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment