གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀོ་ཀ་ཀོ་ལ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་ འབད་བའི་བསྒང་ཡོདཔ།

༢༥/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༢༣ རེས་གཟའ་ཟླ་བ་ལུ་ རྒྱལ་ཁབ་ནང་འགོ་ཐོག་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་ འགོ་འགྲན་འཐབ་མི་དང་འབྲེལ་ རྫོང་ཁག་༣ ནང་ དུས་མཉམ་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་ནང་ གཟིམ་སྒྲ་དང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱི་བར་ན་ འགྲན་བསྡུར་འབད་ཡོདཔ་བཞིན་དུ་ ཆུ་ཁ་ཕུན་ཚོགས་གླིང་ཕུཊ་བཱོལ་རྩེད་ཐང་ནང་ ཡིད་འཛིན་དང་ ཕུན་ཚོགས་གླིང་སྡེ་ཚན་ དེ་ལས་ བསམ་རྩེ་རྫོང་ཁག་གི་ཕུཊ་བཱོལ་རྩེད་ཐང་ནང་ འབྲུག་པཱོལ་དང་ བསམ་རྩེ་སྡེ་ཚན་༢ རྩིས་ཏེ་ སྡེ་ཚན་༦ གིས་ ཕྱི་རུའི་ཆུ་ཚོད་༢ ལས་༤ ཚུན་ དུས་སྟབས་གཅིག་ཁར་ རྩེད་འགྲན་འབད་ཡོདཔ་ཨིན་པས།
མ་གཞི་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ ཀོ་ཀ་ཀོ་ལ་ རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ རྒྱལ་ཁབ་ནང་ འགོ་དང་པ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་འགོ་འབྱེད་རྟེན་འབྲེལ་དང་འབྲེལ་ འབྲུག་པཱོལ་དང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཐོག་ལས་ འགོ་བཙུགས་ཅི།
རྒྱལ་ཁབ་ནང་ ད་ཚུན་ དེ་བཟུམ་མའི་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ལམ་ལུགས་དང་འཁྲིལ་ དུས་མཉམ་ལུ་ རྩེད་འགྲན་འབད་སྲོལ་མེདཔ་ད་ སྤྱི་ཟླ་༡༢ པའི་ཚེས་༢༣ ལས་འགོ་བཙུགས་ཏེ་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་འབད་མ་ཚར་ཚུན་ བདུན་ཕྲག་གི་གཟའ་ཟླཝ་ཨ་རྟག་ར་ རྫོང་ཁག་༣ གྱི་ ས་གནས་ཁག་ཚུ་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
བདུན་ཕྲག་དེ་གི་ རེས་གཟའ་ཟླ་བ་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་གུ་ལུ་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ གཟིམ་སྒྲ་སྡེ་ཚན་ལས་རྒྱལ་ཁ་ཐོབ་སྟེ་ སྐུགས་༣ ཐོབ་དོ་བཟུམ་སྦེ་ ཡིད་འཛིན་སྡེ་ཚན་གྱིས་ ཕུན་ཚོགས་གླིང་སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱེད་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཕམ་སོཔ་ཨིན་པས།
འབྲུག་པཱོལ་གྱིས་ བསམ་རྩེ་སྡེ་ཚན་ལུ་ གཱོལ་༥ བཙུགསཔ་ད་ བསམ་རྩེ་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་བཞིན་དུ་ འབྲུག་པཱོལ་སྡེ་ཚན་གྱིས་ སྡེ་ཚན་༢ ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ལྟོ་ སྐུགས་༦ ཐོབ་པའི་ཁར་ ཨྱོན་རིག་པའི་འབྱུང་གནས་དང་ ཡིད་འཛིན་སྡེ་ཚན་༢ ཀྱིས་ སྐུགས་༣ འདྲན་འདྲ་ཐོབ་ཡོདཔ་ཨིན།
ཤུལ་མམ་གྱི་གཟའ་ཟླཝ་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ ཨྱོན་རིག་འབྱུང་གནས་དང་ ཡིད་འཛིན་སྡེ་ཚན་༢ ཀྱི་བར་ན་རྩེད་འགྲན་འབད་ནི་དང་ ཕུན་ཚོགས་གླིང་གི་ ཕུཊ་བཱོལ་རྩེད་ཐང་ནང་ འབྲུག་པཱོལ་དང་ ཕུན་ཚོགས་གླིང་ དེ་ལས་ བསམ་རྩེ་དང་ གཟིམ་སྒྲ་སྡེ་ཚན་༢ ཀྱི་བར་ན་ བསམ་རྩེ་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ཨིན་པས།
ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་སྐོར་ཐེངས་དང་པ་དེ་ སྤྱི་ལོ་༢༠༡༣ སྤྱི་ཟླ་༡ པའི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིན་རུང་ ལིག་སྐོར་ཐེངས་༢ པའི་རྩེད་འགྲན་དེ་ སྤྱི་ལོ་༢༠༡༣ སྤྱི་ཟླ་༢ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment