གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམོ་ལོ་ན་མ་སྨིན་མི་ ལུས་འབྲེལ་འབད་མི་ལུ་ ལོ་༩ བཙོན་ཁྲིམས།

༢༦/༡༢/༢༠༡༢   ༉ ཐོག་མ་ཁྲིམས་འདུན་ལས་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་ཕུན་ཚོགས་ཀྱིས་ ཁོ་རའི་ བུམོ་རོགས་ ན་གཞོན་སྐྱེས་ལོ་༡༦ འབད་མི་ཅིག་དང་གཅིག་ཁར་ ལུས་འབྲེལ་འབད་མི་ལུ་ ཉེས་ཁྲིམས་ལོ་༩ བཀལ་ཡོདཔ་ལས་ ཁོ་གིས་ འདི་ལུ་ཡིད་ཆེས་འདྲོངས་མ་ཚུགས་པར་ མཐོ་གཏུགས་འབད་ཡོད་རུང་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ རང་འཇགས་བཞག་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཉེས་འཛུགས་ཅན་ བསོད་ནམས་ཕུན་ཚོགས་དང་ ཁོ་རའི་དགའ་མཐུན་བུམོ་རོགས་གཉིས་ ས་གནས་བྱེམ་མེད་ནང་ལུ་སྦེ་ སེམས་མཐུན་ཐོག་ལུ་ འཁྲིག་སྤྱོད་འབད་ཡོདཔ་མ་གཏོགས་ བཙན་གཡེམ་དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་འབདཝ་མེནམ་ལས་ ཁོ་གི་ཉེས་ཁྲིམས་དེ་ མར་ཕབ་འབད་དགོ་པའི་ཞུ་བ་ ཕུལ་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་གིས་ཡང་ བཙན་གཡེམ་དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་འབདཝ་མིན་པར་ ཁོ་གིས་ འཁྲིག་སྤྱོད་འབད་ནིའི་གོ་སྐབས་བྱིན་ཟེར་སླབ་མི་ལུ་ མོ་ར་གིས་ ཁ་བཟེད་དེ་ མཐུན་འབྲེལ་ཐོག་ལས་ འབད་ཡོད་མི་དེ་ བདེན་ཟེར་ཞུ་ནུག།
བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་བའི་ངག་བརྗོད་དང་ ཁྲིམས་འདུན་ལུ་ ཕུལ་བའི་བརྒལ་ལན་ནང་ འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ མོ་ར་ཆ་རོགས་དང་གཅིག་ཁར་ སེམས་རྟོགས་ཁ་ལུ་ ཨེ་པཱལ་ལེན་པར་འགྱོ་བའི་སྐབས་ མོ་གི་ ཨ་རོགས་དགའ་རོགས་དེ་གིས་ འགྲུལ་འཕྲིན་ཐོག་ལས་ སེམས་རྟོགས་ཁ་མཆོད་རྟེན་རྩྭ་བར་བསྒུགས་ཟེར་ སླབ་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ བུམོ་༢ དང་བུཚ་༢ སྦེ་ ཨོ་ལ་ཁ་སྣུམ་འཁོར་བཅོས་ཁང་གི་ཉེ་འདབས་ལུ་སྦེ་ ཞག་སྡོད་ཡོདཔ་ད་ དེ་གི་ཤུལ་ལས་ བསོད་ནམས་ཕུན་ཚོགས་དང་ ཆ་རོགས་བུཚ་དེ་གིས་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ བྱེམ་མེད་ནང་ལུ་ ས་གོ་དགའ་ཏོག་ཏོ་ཡོད་ཟེར་སླབ་སྟེ་ ཁྱིད་སོང་ཡི་ཟེར་ཨིན་པས།
ཉེས་ཅན་བུམོ་རོགས་ཀྱི་ ཨ་པ་གིས་ ཐོག་མ་ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད་ ངེའི་བུམོ་ རྡོ་རྗེ་དབང་མོ་དེ་ སློབ་གྲྭ་ནང་དཔེ་ཆ་ལྷབ་མི་ཅིག་ཨིན་རུང་ ལོ་ན་སྨིན་མི་ བསོད་ནམས་ཡེ་ཤེས་ཀྱིས་ ལོ་ན་མ་སྨིན་མི་ ངེའི་བུམོ་དེ་ གསང་བའི་ཐོག་ལས་ ཞག་གྲངས་༣ ཚུན་ བཞག་ཡོདཔ་ལས་བརྟེན་ དང་པ་སློབ་གྲྭའི་མིང་གཏམ་དང་ གཉིས་པ་ ཕམ་སྤུན་ཆའི་མིང་གཏམ་མེདཔ་བཏང་བའི་ཁར་ གསུམ་པ་ མོ་རའི་མི་ཚེ་ནང་ སྐྱོན་བརྗོད་དང་ ངོ་ཚ་བའི་གཞི་གནད་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ དབྱེ་དཔྱད་མཛད་གནང་ཟེར་ ཞུ་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་ཅིག་གིས་ ཉེས་འཛུགས་དང་འཁྲིལ་བ་ཅིན་ བསོད་ནམས་ཕུན་ཚོགས་དང་ ཉམས་རྒུདཔ་༢ ཧེ་མ་ལས་ར་ དགའ་མཐུན་ཨིན་པའི་ཁར་ ཁོང་༢ ལུས་འབྲེལ་འབད་ཡོད་མིའི་ར་ཁུངས་དང་ དྲུང་འཚོའི་བརྟག་དཔྱད་སྙན་ཞུ་ཐོན་ཡོདཔ་ལས་ བུཚ་ལུ་ ཉེས་ཁྲིམས་སྨིན་དགོཔ་འབད་ཨིན་པས།
བསོད་ནམས་ཡེ་ཤེས་དང་ བུམོ་རོགས་རྡོ་རྗེ་དབང་མོ་གཉིས་ཀྱི་ཐད་ཁར་ གསང་བའི་ཐོག་ལས་ ཞག་གྲངས་༣ ཚུན་སྡོད་ཡོད་རུང་ ལུས་འབྲེལ་འབད་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་མེདཔ་ལས་ རྒུད་འཐུས་ག་ནི་ཡང་ སྤྲོད་དགོཔ་མེདཔ་སྦེ་ཞུ་ནུག།
ཐོག་མ་ཁྲིམས་འདུན་ལས་ དབྱེ་ཞིབ་མཛད་པའི་སྐབས་ བསོད་ནམས་ཕུན་ཚོགས་ཀྱིས་ ལོ་ན་མ་སྨིན་མི་སྐྱེས་ལོ་༡༦ ལང་མི་བུམོ་དེ་ལུ་ ལུས་འབྲེལ་འབད་ཡོདཔ་ལས་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ སྤྱི་ལོ་༢༠༠༥ ཅན་མའི་ དོན་ཚན་༤༨ པའི་ དགོངས་དོན་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༼འཕྲི་སྣོན་༽ བཅའ་ཁྲིམས་ སྤྱི་ལོ་༢༠༡༡ ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་བའི་ཉེས་འགེལ་གྲངས་སུ་ཚུད་ཡོདཔ་ལས་ ཉེས་ཁྲིམས་ལོ་༩ ལས་ མཐོ་ཤོས་༡༥ ཚུན་ སྨིན་དགོ་མི་དང་བསྟུན་ ཉེས་ཁྲིམས་དམའ་ཤོས་ལོ་༩ བཀལ་ནུག།
དེ་འབདཝ་ལས་ བསོད་ནམས་ཕུན་ཚོགས་ལུ་ ཉེས་ཁྲིམས་ལོ་༩ སྤྱི་ཟླ་༧ པའི་ཚེས་༢༥ ལས་ སྤྱི་ལོ་༢༠༢༡ སྤྱི་ཟླ་༧ པའི་ཚེས་༢༥ ཚུན་ བཀལ་ཡོད་རུང་ ཁོང་༤ དགའ་མཐུན་གྱི་ཐོག་ལས་ འབད་ནི་དེ་གིས་ རྒུད་འཐུས་སྤྲོད་མ་དགོ་པར་ འཁྲུན་ཆོད་དེ་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་བཏོན་ཡོད་མི་ལུ་ ཆེ་མཐོ་ཁྲིམས་ཁྲི་༡ པ་ལས་ བསྒྱུར་ལྡོག་འབད་དགོཔ་མིན་འདུག་ཟེར་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment