གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ ཀོ་ལིམ་བི་ཡ་རྒྱལ་ཁབ་ཀྱིས་ མཐུན་འབྲེལ་གཞི་བཙུགས།

༢༦/༡༢/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༢༡ ལས་ འབྲུག་རྒྱལ་ཁབ་དང་ ཀོ་ལོམ་བི་ཡ་མི་སེར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་ཡོདཔ་ཨིན་པས།
འབྲུག་གི་སྐུ་ཚབ་ལྷ་ཕྲུག་དབང་ཕྱུག་དང་ ཀོ་ལིམ་བི་ཡའི་སྐུ་ཚབ་ ནིའི་ཊོར་ ཨོ་སོ་རིའོ་ ༢ ཀྱི་བར་ན་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།


ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་གཞི་བཙུགས་ཀྱི་ ཆིངས་ཡིག་གུ་ མཚན་རྟགས་དེ་ཡང་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་བཞུགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་དང་ ཀོ་ལོམ་བི་ཡའི་སྐུ་ཚབ་ ནིསི་ཊོར་ ཨོ་སོ་རིའོ་༢ ཀྱིས་ ཀོ་ལོམ་བི་ཡའི་ སྐུ་ཚབ་ཡིག་ཚང་ནང་སྦེ་ བཀོད་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་འབྱོར་བའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྐུ་ཚབ་༢ ཀྱིས་ ཟུང་ཕྱོགས་དང་ མང་ཕྱོགས་ཀྱི་ ལས་དོན་ཚུ་ནང་ རང་སོའི་གཞུང་གིས་ མཉམ་འབྲེལ་དམ་ཟབ་འབད་ནི་གི་ རེ་འདོད་ཡོད་ལུགས་ བཤད་ཡོདཔ་ད་ དེ་གི་ནང་ལས་ཡང་ རྒྱལ་ཁབ་༢ ཀྱི་བར་ན་ འཛམ་གླིང་སྤྱི་ཚོགས་དང་ མང་ཕྱོགས་ཀྱི་ གྲོས་གནས་གཞན་ཚུ་ནང་ཡོད་པའི་ ད་ལྟོའི་ མཉམ་འབྲེལ་གནས་ཚད་ ལྷག་པར་དུ་ རྩ་བརྟན་བཟོ་ནི་གི་ སྤྲོ་སྣང་ཡོད་ལུགས་ཀྱི་ བསམ་འཆར་བརྗེ་སོར་འབད་ཡོདཔ་ཨིན་པས།
ད་རུང་ ཀོ་ལོམ་བི་ཡའི་ གཞུང་ཚབ་ཀྱིས་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ནང་ དགའ་སྐྱིད་ཀྱི་ ཐབས་བྱུས་ལུ་ གཙོ་རིམ་བཟུང་མི་དེ་ལུ་ ཀོ་ལོམ་བི་ཡ་ལས་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ད་རིས་ འབྲུག་གིས་ ཀོ་ལོམ་བི་ཡ་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་མི་དེ་ རྒྱལ་ཁབ་༤༩ པ་ཨིན་པའི་གནས་ཚུལ།

No comments:

Post a Comment