གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་སྟོབས་རིག་འཚོལ་ཐེངས་༤ པ་ འགོ་འབྱེད་འབད་ཡོདཔ།

༡༩/༡༢/༢༠༡༢   ༉ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ཀ་ཆེན་གྱི་རྩ་བར་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ སྐྱེས་སྟོབས་རིག་འཚོལ་ཐེངས་༤ པ་དེ་ མི་མང་ལུ་ རྒྱལ་པོའི་བརྟན་བཞུགས་ཕུལ་ཐོག་ལས་ འགོ་འབྱེད་འབད་ཡི།


སྐྱེས་སྟོབས་རིག་འཚོལ་གྱི་ལས་རིམ་འགོ་འདྲེན་པ་ མི་ལ་སྟོབས་རྒྱས་ཀྱིས་ དམིགས་བསལ་དུ་ འགོ་འབྱེད་རྟེན་འབྲེལ་དེ་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དང་འབྲེལ་ཏེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ མི་དབང་རྒྱལཔོ་རིམ་བྱོན་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་དང་ མི་མང་ཐུགས་སྤྲོའི་དོན་ལུ་ གླུ་གར་གྱི་མཆོད་པ་ཕུལཝ་ཨིན་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ སྐད་ཀྱི་སྤུས་ཚད་དང་ དགོད་བྲ་བསྒྱུར་ནིའི་ནང་ ན་ཧིང་དང་ དུས་ཅི་གི་བར་ན་ ཁྱད་པར་ལེ་ཤ་ཡོད་ཟེར་ཨིནམ་ད་ དེ་ཡང་ ན་ཧིང་བཟུམ་ཅི་འབད་བ་ཅིན་ བཅའ་མར་གཏོགས་མི་༢༠ ཡོད་པའི་གྲས་ལས་ ལ་ལུ་ཅིག་ལེགས་ཤོམ་ཡོད་རུང་ དག་པ་ཅིག་གིས་ དོ་འགྲན་འདྲ་མཉམ་མེད་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ བཅའ་མར་གཏོགས་མི་ན་ཆུང་ག་ར་ སྐད་ཀྱི་སྤུས་ཚད་དང་ དགོད་བྲ་བསྒྱུར་ནིའི་ནང་ ཁྱད་ཆོས་ཚངམ་སྦེ་ཡོདཔ་ལས་ ཐེངས་༤ པའི་ན་ཆུང་ཚུ་ ལྕོགས་གྲུབ་དང་ལྡནམ་སྦེ་ཡོད་ཟེར་ཨིན་པས།
ན་ཧིང་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ལུ་ ཟད་འགྲོ་ དངུལ་ཀྲམ་འབུམ་༢༡ སོང་ཡོདཔ་ད་ ལས་རིམ་ནང་ལས་ དྲག་ཤོས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༢ ཨང་༢ པ་ལུ་ དངུལ་ཀྲམ་ འབུམ་ཕྱེད་དང་༢ ཨང་༣ པ་ལུ་དངུལ་ཀྲམ་ འབུམ་༡ དེ་ལས་ ཁོང་ཐོན་འགྱོ་མི་ཚུ་ལུ་ གསོལ་རས་དངུལ་ཀྲམ་༡༠,༠༠༠ ལས་ཡར་བཅད་སྦེ་ བྱིན་ཡི་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ དུས་ཅི་ཡང་ འབྲུག་མི་ཡོངས་ཀྱིས་ རྒྱབ་སྐྱོར་ལེགས་ཤོམ་མཛད་གནང་པ་ཅིན་ གསོལ་རས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ བྱིན་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
དངོས་མཐོང་ལས་རིམ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༠ འི་ ཕྱི་རུའི་ཆུ་ཚོད་༦ ལས་༩ ཚུན་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ བདུན་ཕྲག་གི་ རེས་གཟའ་པ་སངས་དང་ སྤེན་པ་གཉིས་ལུ་ དུས་རྒྱུན་དུ་ དོ་འགྲན་གྱི་ལས་རིམ་དེ་ འགོ་འདྲེན་འཐབ་སྟེ་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment