གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་དང་ སྤུ་ན་ཁའི་བར་ན་ ཚད་གཞི་དང་མ་འཁྲིལ་བའི་ གླ་འཁོར་གྱི་གླ་ཆ་ཡར་སེང།

༢༠/༡༢/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ ཐིམ་ཕུ་ལས་ སྤུ་ན་ཁ་ལུ་ གླ་འཁོར་ནང་འགྱོཝ་ད་ གླ་ཆ་དངུལ་ཀྲམ་༢༥༠ ལས་བརྒལ་ སྤྲོད་མ་དགོ་རུང་ ད་རེས་ ལོག་ལྟབ་སྦེ་ ལེན་དོ་ཡོདཔ་ཨིན་པས།
ཐིམ་ཕུའི་གླ་འཁོར་ཚུ།


དེ་ཡང་ ཁ་ཙ་ ཐིམ་ཕུ་ལས་ སྤུ་ན་ཁ་ལུ་འགྱོ་མི་ སྐྱེས་ལོ་༣༠ ལང་མི་ མགོནམ་ལྷམོ་གིས་ མོ་ར་དང་ མོ་རའི་ཨའི་གི་དོན་ལུ་ གླ་ཆ་དངུལ་ཀྲམ་༡,༠༠༠ སྤྲོད་ཡོདཔ་ཨིན་པས།
གླ་ཆ་ཡར་སེང་རྐྱབ་དགོ་མི་དེ་ གཙོ་བོ་ར་ སྤུ་ན་ཁ་ལུ་ ད་རིས་ལས་ འགོ་བཙུགས་ནི་ཨིན་མི་ བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ཞུ་བར་འགྱོ་མི་ དད་ཅན་སྟོང་ཕྲག་ལས་བཅད་དེ་ ཐོན་ནི་དེ་གིས་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལམ་ལུགས་དང་འཁྲིལཝ་ད་ གླ་འཁོར་ཚུ་གི་ གླ་ཆའི་ཚད་གཞི་དེ་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༡༥ རེ་འབདཝ་ད་ ཐིམ་ཕུ་དང་ སྤུ་ན་ཁའི་བར་ན་ ཀི་ལོ་མི་ཊར་༧༠ ཡོད་མི་ལུ་ རྩིས་རྐྱབ་ད་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༢༦༠ དེ་ཅིག་ ཕོགཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གླ་འཁོར་དང་ བཱསི་གི་དེད་གཡོགཔ་ག་ར་ལུ་ གླ་ཆའི་ལག་དེབ་རེ་ སྤྲོད་དེ་ཡོདཔ་ལས་ དེ་ནང་བཀོད་ཡོད་མི་ལྟར་ ལེན་ནི་མ་གཏོགས་ ཡར་སེང་འབད་མི་ཆོག་ཟེར་ཨིན་པས།
ཨིན་རུང་ འགྲུལ་པ་ཚུ་གིས་ གླ་ཐེབས་ག་དེམ་ཅིག་ སྤྲོད་ཅི་ག་དང་ གླ་འཁོར་གྱི་ཨང་ དེ་ལས་ དེད་གཡོག་པའི་མིང་འབྲི་སྟེ་ ཁོང་ལུ་ ཡིག་ཐོག་གི་ ཞུ་ཡིག་མ་བཙུགས་པ་ཅིན་ བདེན་རྟགས་མེདཔ་ལས་ གླ་ཆ་ཐེབས་ལེན་རུང་ ཁོང་གིས་ ག་ཅི་ཡང་ འབད་ཐབས་མེད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ག་དེམ་ཅིག་སྦེ་ འགྲུལ་པ་ཚུ་གིས་ གཞུང་གིས་བཟོ་མི་གླ་ཚད་ལས་ ཐེབས་ལེན་མི་ གླ་འཁོར་གྱི་ཨང་དང་ དེད་གཡོག་པའི་མིང་ཚུ་བཀོད་དེ་ ཉོགས་བཤད་ཡི་གུ་བཙུགས་པ་ཅིན་ དེད་གཡོགཔ་དེ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ དང་ གླ་ཐེབས་ལེན་མི་ཚུ་ ལོག་འཐོབ་ཚུགས་ཟེར་ཨིན་པས།
དབང་འཛིན་གྱི་ ཐོ་བཀོད་དང་ ལག་ཁྱེར་གཙོ་འཛིན་འགོ་དཔོན་ ཀརྨ་སྤེན་པ་གིས་ སླབ་མིའི་ནང་ ཁོང་གིས་ དཔྱད་ཞིབ་འབད་མི་ཚུ་བཏང་རུང་ འགྲུལ་པ་ལ་ལུ་ཅིག་གིས་ ཕྲང་སྟེ་སླབ་མི་བཏུབ་པས་ཟེར་ཨིནམ་ད་ ཡིག་ཐོག་གི་ ཉོགས་བཤད་མེད་པ་ཅིན་ ཁོང་གིས་ ག་ཅི་ལུ་གཞི་བཞག་སྟེ་ གླ་ཆ་ཐེབས་ལེན་པའི་ ཉེས་བྱ་བཀལ་ནི་ཟེར་ཨིན་པས།
དེ་མ་ཚད་ ལམ་འགྲུལཔ་ཚུ་གིས་འབད་རུང་ དེད་གཡོགཔ་ཚུ་གིས་ ག་སླབ་མི་ གླ་ཆ་དེ་ར་ སྤྲོད་ནི་ལུ་ཁ་བཟེད་པ་ཅིན་ གླ་ཆ་ཐེབས་ལེན་མི་ཚུ་ ཁོང་གིས་ བཀག་མི་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
གླ་འཁོར་གྱི་དེད་གཡོགཔ་ ཨོ་རྒྱན་གྱིས་འབད་བ་ཅིན་ ཐིམ་ཕུ་ལས་ མི་གངམ་སྦེ་ བཙུགས་འབག་རུང་ སྤུ་ན་ཁ་ལས་ལོགཔ་ད་ སྟོངམ་སྦེ་འོང་དགོ་ནི་དེ་གིས་ ཕར་དང་ཚུར་གྱི་ གླ་ཆ་རྩིས་རྐྱབ་སྟེ་ ལེནམ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ད་རིས་ སྤུ་ན་ཁ་ལུ་ མི་གནམ་མེད་ས་མེད་ འཛོམས་ནི་དེ་གིས་ སྣུམ་འཁོར་གྱི་གྱངས་ཁ་ཡང་ མང་དྲགསཔ་ལས་ སྤུ་ན་ཁ་ ཁུ་རུ་ཐང་དང་ འཛོམས་གླིང་ཐང་གི་བར་ན་ ཀི་ལོ་མི་ཊར་༤ ལྷགཔ་ཅིག་ལས་བརྒལ་མེད་རུང་ དུས་ཡུན་ཆུ་ཚོད་༢:༣༠ དེ་ཅིག་ འགོརཝ་མས་ཟེར་ ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment