གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབགཔ་དང་ ཁྲོམ་སྡེ་གིས་ ས་རིན་དངུལ་ཀྲམ་ས་ཡ་༤,༤༡༢ སྤྲོད་དགོཔ།

༢༩/༡༢/༢༠༡༢   དེ་ཡང་ ཁག་འབགཔ་གིས་ ཡིག་ཆ་རྫུས་བཟོ་དང་ ཁྲོམ་སྡེའི་ཁ་ཐུག་ལས་ ཁྲིམས་མཐུན་མིན་པའི་སྒོ་ལས་ ཁྲམ་སྤོ་སོར་འབད་ཡོདཔ།
༉ ལོ་༩ གི་ཧེ་མར་ ཁག་འབགཔ་ཅིག་གིས་ ཐིམ་ཕུ་ཨོ་ལ་ཁ་ལུ་ སའི་ཇོ་བདག་ཅིག་ལས་ ས་ཆ་ཌིསི་༧༢.༤༠ ལས་བརྒལ་ མ་ཉོ་རུང་ རྩ་ཕན་༣ པ་ལུ་བཙོངམ་ད་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ཐོག་ ས་ཚན་ཁག་གཉིས་ བཙོང་མི་ལུ་བརྟེན་ ས་ཆ་ཌིསི་༡༡.༠༣ གྱི་རིན་ཕྱེད་ཀ་ དངུལ་ཀྲམ་ས་༢.༢༦ སྤྲོད་དགོཔ་ཨིན་པས།


དེ་བཟུམ་སྦེ་ ཁག་འབགཔ་ངག་དབང་རྡོ་རྗེ་གིས་ ཡིག་ཆ་རྫུས་བཟོའི་ཐོག་ ས་ཁྲམ་སྤོ་སོར་གྱི་ ཞུ་ཡིག་བཙུགསཔ་ད་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ སའི་བཅའ་ཁྲིམས་དང་ ས་ཆ་སྤྲོད་ལེན་གྱི་ བྱ་སྒོའི་ལམ་ལུགས་དང་མ་འཁྲིལ་བར་ ཁྲམ་སྤོ་སོར་འབད་མི་ལུ་བརྟེན་ ས་རིན་ཕྱེད་ཀ་ དངུལ་ཀྲམ་ས་ཡ་༢.༢༦ འབདཝ་ད་ དངུལ་ཀྲམ་ས་ཡ་༤.༤༡༢ ངག་དབང་རྡོ་རྗེ་དང་ ཁྲོམ་སྡེ་ལས་འཛིན་༢ ཀྱིས་ ས་ཆ་ཉོ་མི་ ཡེ་ཤེས་ཆོས་སྐྱིད་དང་ མོ་གི་སྤུན་ཆ་ལྔ་ལུ་ སྤྲོད་དགོཔ་ཨིན་པས།
ས་ཆ་ཌིསི་༡༡.༠༣ དེ་ ད་ལྟོའི་ཁྲོམ་གྱི་གོང་ཚད་ ས་ཆ་ཌིསི་རེ་ལུ་ དངུལ་ཀྲམ་འབུམ་༤ རེ་རྩིས་རྐྱབ་ད་ དངུལ་ཀྲམ་ས་ཡ་༤.༤༡༢ ཐོན་མི་དེ་ རྩ་ཕན་གཉིས་ཀྱིས་ དུས་ཡུན་ཟླ་ངོ་༡ གི་ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པ་གིས་བཏོན་མི་ འཁྲུན་ཆོད་ནང་བཀོད་ནུག།
སྤྱི་ལོ་༢༠༠༣ ལུ་ ངག་དབང་རྡོ་རྗེ་གིས་ ཨོ་ལ་ཁ་ལས་ ས་ཆ་ཌིསི་༧༢.༤༠ འབད་མི་ཅིག་ ཀུན་ལེགས་སྒྲོལ་མ་ལས་ ཉོ་ཡོད་རུང་ཁོ་རའི་མིང་ཐོག་ཁར་ སྤོ་སོར་མ་འབདཝ་ལས་ར་ རྩ་ཕན་གསུམ་པ་ལུ་བཙོངམ་ད་ ས་ཚན་ཁག་༢ བཙོང་ཡོད་མིའི་གྲས་ལས་ ས་ཚན་ཌིསི་༡༢.༥༣ འབད་མི་དེ་ ཁོ་གིས་ ཀུན་ལེགས་སྒྲོལ་མ་ལས་ ཉོ་ར་མ་ཉོ་བའི་ སྒྲུབ་བྱེད་བྱུང་ནུག།
ངག་བདག་རྡོ་རྗེ་གིས་ ས་ཁྲམ་དེ་ རྩ་ཕན་གསུམ་པའི་ མིང་ཐོག་ལུ་ བཀོད་ཆོག་པའི་ ཉོགས་མེད་ཡི་གུ་ ཧེ་མའི་ཇོ་བདག་ ཀུན་ལེགས་སྒྲོལ་མ་དང་ མོ་གི་བཟའ་ཚང་ཚུ་ལས་ མ་ལེན་པར་ ཁྲམ་སྤོ་སོར་གྱི་ཞུ་ཡིག་ ཐད་ཀར་དུ་ ཐིམ་ཕུ་གྲོང་སྡེ་ལས་འཛིན་ལུ་བཙུགས་ཡོདཔ་མ་ཚད་ ས་ཆ་ཉོ་བཙོང་གི་ གན་རྒྱ་ནང་ ས་ཆ་ཌིསི་༨༣.༤༣ སྦེ་ ཚུད་མི་དེ་ཡང་ གན་རྒྱའི་ཡི་གུ་གུར་ བྲིས་བསུབས་འབད་དེ་ ས་ཆ་ཌིསི་༨༤.༩༣ ཨིནམ་སྦེ་ བཟོ་ཡོདཔ་ཨིན་པས།
ས་ཆ་ཁག་གཉིས་ཆ་རའི་ཁྲམ་དེ་ རྩ་ཕན་གསུམ་པ་ལུ་ སྤོ་སོར་འབད་ཚར་བའི་ཤུལ་ལུ་ ས་མི་དགོ་ཟེར་ སླབ་མི་ལུ་བརྟེན་ ད་རུང་ ངག་དབང་རྡོ་རྗེ་གིས་ ས་ཁག་༢ པོ་དེ་ ཡེ་ཤེས་ཆོས་སྐྱིད་དང་ མོ་གི་སྤུན་ཆ་ལྔ་ལུ་ བཙོང་ཡོདཔ་ཨིན་པས།
དེ་ལས་ ཁྲོམ་སྡེ་ཡིག་ཚང་གིས་ སའི་ཞིབ་དཔྱད་དང་ ལྟ་རྟོག་ དེ་ལས་ ས་མ་འཇལ་བར་ ས་ཁག་༢ གཅིག་སྦེ་བཟོ་སྟེ་ ཡེ་ཤེས་ཆོས་སྐྱིད་དང་ སྤུན་ཆ་ལྔ་གི་ མིང་ཐོག་ཁར་ སྤོ་སོར་འབད་ཡོདཔ་མ་ཚད་ ས་ཆའི་ཡིག་སྣོད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་རྩིས་སྤྲོད་འབད་མི་དེ་ནང་ ངག་དབང་རྡོ་རྗེ་དང་ ཀུན་ལེགས་སྒྲོལ་མ་༢ ཀྱི་བར་ནའི་ ས་ཆ་ཉོ་བཙོང་གི་ གན་རྒྱ་ཚུ་ མེད་པའི་ཁར་  ས་ཆ་སྤྲོད་ལེན་གྱི་ ལམ་ལུགས་ཚུལ་མཐུན་མེད་པའི་ ངོས་འཛིན་བྱུང་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ ས་ཁྲམ་སྤོ་སོར་ཚུ་ ཁྲིམས་དང་མ་འཁྲིལ་བར་འབད་མི་དེ་ཡང་ ཁྲོམ་སྡེ་ཡིག་ཚང་གི་ འགོ་དཔོན་ཚུ་གི་ བག་གཡེང་དང་ ནོར་འཁྲུལ་ལུ་བརྟེན་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ལས་ ས་རིན་ཕྱེད་ཀ་ དངུལ་ཀྲམ་ས་ཡ་༢.༢༦ ས་ཉོ་མི་ཚུ་ལུ་ སྤྲོད་དགོཔ་བཞིན་དུ་ ཧེ་མ་ ཁྲམ་སྤོ་སོར་ནང་ ནོར་འཁྲུལ་ཞུགས་མི་དང་ ཁྲིམས་འགལ་གྱི་ ལཱ་འབད་མི་གི་ འགོ་དཔོན་དང་ ཞི་གཡོགཔ་ཚུ་ལས་ལེན་ཏེ་ གཞུང་ལུ་ སོར་ཆུད་འབད་དགོ་ཟེར་བཀོད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment