གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཅ་དམ་འགོ་དཔོན་ཚུ་གིས་ ཕུན་ཚོགས་གླིང་ལུ་ ཆང་རིགས་འཕྱོག་བཟུང་འབད་ མི་ཚུ་ གཞུང་བཞེས་གཏང་ནི།

༢༨/༡༢/༢༠༡༢   ༉ ཕུན་ཚོགས་གླིང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བདུན་ཕྲག་༢ ཀྱི་ཧེ་མར་ བཟའ་ཁང་དང་ ཆང་ཁང་ཚུ་ནང་ རྟོག་མེད་ཞིབ་དཔྱད་ཐོག་ ཁྲིམས་མཐུན་མིན་པའི་ ཆང་རིགས་འཕྱོག་བཟུང་འབད་མི་ཚུ་ གཞུང་བཞེས་གཏང་ནི་སྦེ་ ཚོགས་ཆུང་གིས་ ཐག་བཅད་ཅི་ཟེར་ཨིན་པས།


ཞིབ་དཔྱད་སྡེ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ རྟོག་མེད་ཞིབ་དཔྱད་རྐྱབ་སྟེ་ ཚུལ་མིན་ཐོག་ ནང་འདྲེན་འབད་མི་ ཆང་རིགས་ཚུ་ འཕྱོག་བཟུང་འབད་དེ་ འབྲེལ་ཡོད་བཟའ་ཁང་ནང་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ བཙོང་མ་ཆོགཔ་སྦེ་ བཞག་ཡོདཔ་ཨིན་པས།
ཆང་རིགས་ཚུ་ གཞུང་བཞེས་གཏང་ནི་སྦེ་ ཐག་བཅད་མི་ ཚོགས་ཆུང་དེ་ནང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་ ལུང་ཕྱོགས་ཚོང་དང་ བཟོ་གྲྭ་ལས་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
ཅ་དམ་འགོ་འཛིན་ པདྨ་དབང་ཆེན་གྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ཞིབ་དཔྱད་འབད་མི་དེ་ ཐེངས་དང་པ་ཨིནམ་ལས་ ཚོགས་ཆུང་གིས་ ཁྲིམས་ལས་འགལ་མི་ བཟའ་ཁང་དང་ ཆང་ཁང་ཚུ་ལུ་ ཉེས་ཁྲིམས་དང་ ཉེས་བྱ་བཀལ་ནིའི་ཚབ་ལུ་ ཆང་རིགས་ཚུ་ གཞུང་བཞེས་གཏང་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིབ་དཔྱད་རྐྱབ་མི་ སྡེ་ཚན་གྱིས་ བཟའ་ཁང་དང་ ཆང་ཁང་ དེ་ལས་ ས་གནས་ཀྱི་ ཆང་རིགས་ཚོང་འབྲེལ་འཐབ་མི་བསྡོམས་༤༣ ལུ་ རྟོག་མེད་ཞིབ་དཔྱད་རྐྱབ་ཡོད་མི་ལས་༢༠ གི་ ཆང་རིགས་བི་ཡར་དང་ བི་རི་ཛར་ བོཌ་ཀ་ཚུ་ གཞུང་བཞེས་གཏང་ནི་ཨིན་རུང་ གཞན་༦ ལུ་ ད་རིས་ཐེངས་དང་པ་སྦེ་ དགོངས་ཡངས་གཏང་ནི་ཟེར་ཨིན་པས།
བཟའ་ཁང་དང་ ཆང་ཁང་༢༠ གི་ ཆང་རིགས་ཚུ་ གཞུང་བཞེས་གཏང་ནི་ཨིན་མི་དེ་ཡང་ ཆང་ཤོག་སྒྲོམ་༡ ལས་ལྷག་སྟེ་ཡོད་མི་ཚུ་ཨིནམ་ད་ གཞན་༦ ལུ་ ཆང་བི་ཡར་དང་ ཆང་རིགས་གཞན་དམ་སྦྱིས་༩ དང་ དེ་ལས་ ཉུངམ་སྦེ་ཡོད་ནི་དེ་གིས་ གཞུང་བཞེས་མི་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
རྟོག་མེད་ཞིབ་དཔྱད་སྐབས་ ཚོང་ཁང་༢༠ ལས་ ཆང་རིགས་དམ་སྦྱིས་༡,༣༤༣ འཕྱོག་བཟུང་འབད་ཡདོཔ་ད་ པདྨ་དབང་ཆེན་གྱིས་ སླབ་མིའི་ནང་ བཟའ་ཁང་དང་ ཆང་ཁང་༡༧ ནང་ ཆང་སཱན་ཏ་བར་བ་ར་དང་ ཕི་གུ་རི་ཡ་ཚུ་ བཙོང་མ་ཆོགཔ་སྦེ་ བཀག་དམ་འབད་ཡོད་རུང་ ཁོང་ལུ་ ནང་འདྲེན་འབད་ཆོག་པའི་ གནང་བ་ཡོད་མི་ལུ་བརྟེན་ བཙོང་ཆོགཔ་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
དེ་ཡང་ ཁོང་གིས་ རྒྱ་གར་ལས་ ནང་འདྲེན་འབད་ཆོག་པའི་ གནང་བ་གྲུབ་མི་ བཀྲིས་ཚོང་ལས་དང་ སི་ཨེན་ཆང་བཀྲམ་སྤེལ་བ་༢ ལས་ ཉོ་ཡོདཔ་སྦེ་ སླབ་ནི་དེ་གིས་ཨིན་པའི་གནས་ཚུལ།

No comments:

Post a Comment