གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་༤ རྒྱ་འབྲུག་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི།

༢༨/༡༢/༢༠༡༢   སྤྱི་ལོ་༢༠༡༣ ལས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ལས་༥,༦༠༠ ལྷགཔ་ཅིག་གི་ ལཱ་འགོ་བཙུགས་ནི་ཨིན་མས།
༉ འབྲུག་རྒྱལ་ཁབ་ནང་ གློག་མེ་ལས་འགུལ་༡༠ བཟོ་སྐྲུན་འབད་ནི་ཨིན་མི་ལས་༧ སང་ཕོད་འགོ་བཙུགས་ནི་གི་ ལས་འཆར་ཡོདཔ་བཞིན་དུ་ རྒྱ་འབྲུག་གི་ མཉམ་འབྲེལ་ལས་འགུལ་༤ སྤྱི་ལོ་༢༠༡༣ གྱི་ལོ་ཕྱེད་༢ པའི་ནང་ འགོ་བཙུགས་ནི་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་བསྡོམས་༡༠,༠༠༠ བཟོ་སྐྲུན་འབད་ཚར་ནི་གི་ འཆར་གཞི་ཡོད་མི་ལས་ གློག་ཤུགས་མེ་ག་ཝཱཊ་༥,༦༠༠ ལྷགཔ་ཅིག་གི་ལཱ་ཚུ་ སང་ཕོད་ལས་ འགོ་བཙུགས་ནི་ཨིན་པས།
ད་རེས་ནངས་པ་ སྤུ་ན་གཙང་ཆུ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ རྒྱ་གར་དང་ འབྲུག་གཞུང་གི་བར་ན་ རྒྱལ་ས་ནིའུ་ལྡི་ལི་ལུ་སྦེ་ དབང་ཚད་ཅན་གྱི་ མཉམ་འབྲེལ་ཞལ་འཛོགས་འཚོགས་པའི་སྐབས་ སྦུ་ན་ཁ་དང་ ལྕམ་མཁར་ཆུ་ ཁོ་ལོང་ཆུ་ ཝང་ཆུ་གློག་མེ་ལས་འགུལ་༤ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་ཨིན་པས།
དེ་བསྒང་ རྒྱ་འབྲུག་གཉིས་ མཉམ་འབྲེལ་ཐོག་ བཟོ་སྐྲུན་འབད་ནི་གི་ ཆིངས་ཡིག་གཏན་འཁེལ་བཟོཝ་ད་ གནད་དོན་ལེ་ཤ་ཅིག་ སེལ་ཚུགས་ཡོདཔ་ད་ ཆུ་ལུ་བརྟེན་པའི་ གློག་མེ་སྡེ་ཚན་ནང་ འབྲུག་གིས་ འདི་བཟུམ་མའི་ མཉམ་འབྲེལ་གྱི་ འགན་དབང་ལེན་མི་དེ་ འགོ་དང་པ་ཨིན་པས།
མཉམ་འབྲེལ་ལས་འགུལ་ཚུ་གི་ བདག་དབང་དེ་ རྒྱ་འབྲུག་༢ ལུ་ བརྒྱ་ཆ་༥༠ རེ་འོང་ནི་ཨིནམ་ད་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ལོ་༡༢ ཚུན་ གཞུང་གི་སྤྱོད་འཐུས་བརྒྱ་ཆ་༡༢ རེ་དང་ དེ་གི་ཤུལ་ལས་ བརྒྱ་ཆ་༡༨ རེ་ སྤྲོད་དགོཔ་ཨིན་ཟེར་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་ བཤདཔ་ཨིན་པས།
མཉམ་འབྲེལ་ལས་འགུལ་ཚུ་ ཚོང་འབྲེལ་ལུ་ ཤུགས་བཏོན་པའི་ ལས་འགུལ་ཅིག་ཨིནམ་ལས་ མ་དངུལ་ཚུ་ རྒྱ་གར་གྱི་ དངུལ་འབྲེལ་ལས་ཁང་ཚུ་ལས་ བསྐྱིན་འགྲུལ་ལེན་དགོཔ་ཨིན་ཟེར་ བསྟན་རྒྱས་དྲུང་ཆེན་གྱིས་ བཤད་པའི་ཁར་ ལས་འགུལ་དེ་ མ་དངུལ་གྱི་དཔྱ་བགོ་ བརྒྱ་ཆ་༧༠:༣༠ སྦེ་ གཞི་བཙུགས་འབད་ནི་ཨིན་མི་དེ་ཡང་ རྒྱ་གར་གཞུང་གིས་ མ་དངུལ་བརྒྱ་ཆ་༡༥ དང་ འབྲུག་གཞུང་གི་ཁ་ཐུག་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ བརྒྱ་ཆ་༡༥ མ་དངུལ་ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཨིན་རུང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ མ་དངུལ་བརྒྱ་ཆ་༡༥ དེ་ རྒྱ་གར་ལས་ གྲོགས་རམ་ཐོག་ལུ་ ལྷན་ཐབས་འབད་ནི་ཨིན་པས།
དེ་ལས་ མ་དངུལ་ལྷག་ལུས་བརྒྱ་ཆ་༧༠ དེ་ མཉམ་འབྲེལ་ཚོང་སྡེ་ཚུ་གིས་ གྲོགས་རམ་མ་དངུལ་འཚོལ་སྒྲུབ་འབད་དགོཔ་ཨིན་ཟེར་ དྲགོས་བསོད་ནམས་ཚེ་རིང་གིས་ བཤད་པའི་ཁར་ མ་དངུལ་འཚོལ་སྒྲུབ་འབད་ནིའི་ནང་ རྒྱ་གར་གྱི་ ཚོང་སྡེ་ཚུ་གིས་ འགན་ཁུར་ངོ་མ་འབག་དགོཔ་ཨིན་ཟེར་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ ཟླཝ་༢ པ་ལས་ ཕན་ཚུན་གཞུང་གཉིས་ཀྱི་བར་ན་ མཉམ་འབྲེལ་ལས་འགུལ་ཚུ་གི་ ཆིངས་ཡིག་ཚུ་ མཐའ་བཅད་བཟོ་དགོཔ་ཨིན་ཟེར་ཨིན་པས།
མཉམ་འབྲེལ་ལས་འགུལ་༤ གི་གྲས་ལས་ སྦུག་ན་ཁ་དང་ ཆུ་ཁ་དང་ དར་ལ་གློག་མེ་ལས་འགུལ་༢ ཀྱི་དོན་ལུ་ ཆུ་རྫིང་རྐྱབ་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment