གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་ ཁ་ཙ་ཕྱི་རུ་ ལོག་ལྷོད་ཡོདཔ།

༢༡/༡༢/༢༠༡༢   ༉ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ ཀྲོང་གསར་སྟངས་སི་སྦྱིས་རྒེད་འོག་ ཅན་གདན་སྦྱིས་སློབ་གྲྭ་ཆུང་བའི་ དབུ་འཛིན་ངོ་ཚབ་དེ་ གར་སོང་མེད་པར་ བྱང་སྟོར་ཤོར་བའི་ཤུལ་ལུ་ ཁ་ཙ་ཕྱི་རུ་ སློབ་གྲྭའི་ཉེན་སྲུང་པའི་ ཁྱིམ་ནང་ ལྷོད་ཡོདཔ་ཨིན་པས།
ཁ་ཙ་ ཉེ་འདབས་ཀྱི་ གཡུས་ཚན་ལས་ མི་༢༠༠ ལྷགཔ་ཅིག་གིས་ ཅན་གདན་སྦྱིས་ཀྱི་ རོང་ཆུ་བདའ་སྟེ་ འཚོལ་ཡོདཔ་མ་ཚད་ གཡུས་ཁའི་དཔའ་བོ་ཅིག་ཡང་འབོ་སྟེ་ མོ་བཏབ་རྩིས་བཏབ་འབད་རུང་ འཚོལ་མ་ཐོབ་པས།



དེ་འབདཝ་ད་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༧ དང་༨ ཀྱི་བར་ན་ སློབ་དཔོན་དེ་ སློབ་གྲྭའི་ཉེན་སྲུང་པའི་ཁྱིམ་ནང་ ལོག་ལྷོདཔ་ད་ གནས་སྟངས་ཨ་རྟག་ཧར་ལུགས་སྦེ་ར་ འདུག་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ སློབ་དཔོན་དེ་ བྱང་སྟོར་ཤོར་བའི་ཉིན་མར་ གཞུང་ལམ་ལས་ སློབ་གྲྭ་ནང་འགྱོཝ་ད་ ག་དེ་སྦེ་ སོང་ཡོདཔ་ཨིན་ན་ དཔྱད་རིག་བཏང་མི་ཚུགས་པས་ཟེར་ སླབ་དོ་ཡོདཔ་ཨིན་པས།
སློབ་དཔོན་དེ་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ལུང་ཞུ་བར་ སོང་ཡོད་མི་ ཁོ་རའི་ གནས་ཚང་འབད་སར་ འགྱོ་ནི་སྦེ་ སོང་ཡོད་རུང་ རུ་ཀུབ་སྦྱིས་ལས་ ཁོ་ར་ གཟུགས་མི་བདེ་བས་ཟེར་ བརྒྱུད་འཕྲིན་བཏང་སྟེ་ ཁྱིམ་ནང་ལོག་སོང་ཡོདཔ་ཨིན་པས།
ཁོ་ར་ ཁྱིམ་ནང་ལྷོད་པའི་ཤུལ་ལུ་ སློབ་གྲྭ་གི་ས་ཁོངས་ནང་ ཁོ་རའི་ སྣུམ་འཁོར་ལེགས་ཤོམ་སྦེ་ བཞག་པའི་ཁར་ འགྲུལ་འཕྲིན་དེ་ཡང་ ཁྱིམ་ནང་བཞག་སྦེ་ ཁྱིམ་སྒོ་རྣལ་ལྕགས་རྐྱབ་སྟེ་ གར་སོང་མེད་པར་ ཡར་སོཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment