གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུའི་དོན་ལུ་ གནམ་དགུན་གྱི་ སློབ་སྦྱོང་འགོ་བཙུགས་ཡོདཔ།

༢༨/༡༢/༢༠༡༢   ༉ ཁ་ཙ་ ཤེས་རིག་ལྷན་ཁག་འོག་གི་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་ འཁྲབ་སྟོན་ཁང་ནང་ ན་གཞོན་བུམོ་དང་བུཚ་ཚུ་གིས་ ན་གཞོན་༢༦ ལུ་ དེང་སང་རིག་གསར་གྱི་ ཞབས་ཁྲའི་ལེའུ་མ་འདྲཝ་ཚུ་ སྟོན་ཡོདཔ་མ་ཚད་ ཇཱ་པན་ལས་ སློབ་སྟོན་པ་༢ ཀྱིས་ཡང་ ན་གཞོན་༡༢ ལུ་ ལུས་སྦྱོང་གི་ སློབ་སྟོན་ཚུ་འབད་ཡི།


དེ་ཡང་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ཉིན་གྲངས་༡༢ འབད་མི་ ལོ་བསྟར་གནམ་དགུན་གྱི་ ན་གཞོན་ལས་རིམ་ནང་ བཅའ་མར་གཏོགས་མི་ ཐིམ་ཕུའི་ན་གཞོན་སློབ་ཕྲུག་ཚུ་ཡོདཔ་ད་ ཞི་བདེ་དང་ ན་གཞོན་རྒྱབ་སྐྱོར་སྡེ་ཚན་ནང་ལས་ སློབ་སྟོན་པའི་ཁས་བླངས་ འབད་ཡོདཔ་ཨིན་པས།
རིག་རྩལ་དང་ལྕོགས་གྲུབ་ཅན་གྱི་ ན་གཞོན་ཁས་བླངས་པ་༣༠ དེ་ཅིག་གིས་ སྙན་ཆ་དང་ ལག་བཟོ་ ཅ་ཆས་དགོ་མ་ཆོདཔ་ཚུ་ བསྐྱར་བཅོས་འབད་ནི་ དཔེ་དེབ་ལྷག་ནི་ རྩེད་རིགས་ཊི་ཊི་གི་སྦྱོང་བརྡར་དང་ སློབ་སྟོན་འབད་ནི་ དེ་ལས་ ཇཱ་པན་ལས་ སློབ་སྟོན་པ་༢ ཀྱིས་ ཇཱ་པན་གྱི་ཁ་སྐད་དང་ ལམ་སྲོལ་གྱི་ སློབ་སྟོན་ཚུ་ཡང་ འབད་ནི་ཨིན་པས།
ལས་རིམ་འགོ་འདྲེན་པ་ རི་ཀུ་དཱན་ སུ་བ་གིས་སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ གནམ་དགུན་གྱི་ལས་རིམ་དེ་ ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོད་རུང་ དུས་ཅི་ ན་གཞོན་ཚུ་གིས་སྦེ་ ཁས་བླངས་ཐོག་ལུ་ འབད་དོ་ཟེར་ཡོདཔ་ཨིན་པས།
མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ ཡེ་ཤེས་ཨེལ་སྒྲོལ་མ་གིས་ གནམ་དགུན་ ན་གཞོན་གྱི་ལས་རིམ་ནང་ ཞབས་ཁྲའི་སྡེ་ཚན་ཚུ་ལུ་ ཞབས་ཁྲ་རིག་གསར་དང་ བོད་སྒྲའི་ ལིའུ་བསྒྱུར་ཐངས་ཚུ་ སྟོན་བྱིན་དོ་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་༢༠༠ ལྷགཔ་ཅིག་ཡོདཔ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༡༠,༡༤,༠༠༠ དེ་ཅིག་གནས་ནི་ཨིན་པས།
གནམ་དགུན་ངལ་གསོའི་སྐབས་ ན་གཞོན་སློབ་ཕྲུག་ཚུ་གིས་ དུས་ཚོད་འཕྲོ་བརླག་མ་གཏང་པར་ ཕན་ནུས་ཅན་ བཟོ་ཐབས་ལུ་ ཡུ་ནི་སེཕ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment