གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་གྱི་ ཞབས་ཏོག་ལྟེ་བ་ཚུ་ ལག་ལེན་ཧྲིལ་བུ་མེདཔ།

༢༨/༡༢/༢༠༡༢   དེ་ཡང་ མི་སེར་ཚུ་ལུ་ འདི་བཟུམ་མའི་ ཞབས་ཏོག་ཡོདཔ་ཨིནམ་ ཧ་མ་གོ་ནི་དེ་གིས་ཨིན་མས།
༉ འབྲུག་པའི་མི་སེར་ཚུ་ལུ་ ཡོངས་འབྲེལ་ཞབས་ཏོག་མཁོ་སྤྲོད་ཐོག་ ལཱ་འཇམ་ཏོང་ཏོ་བཟོ་ཐབས་ལུ་ རྒེད་འོག་མང་ཤོས་ཅིག་ནང་ མི་སྡེ་ ལྟེ་བ་གཞི་བཙུགས་འབད་དེ་ཡོད་རུང་ གྲོང་མི་མང་ཤོས་ཅིག་གིས་ར་ འདི་བཟུམ་མའི་ ཞབས་ཏོག་ཡོདཔ་ཨིནམ་ ཧ་མ་གོ་བར་འདུག་ཟེར་ ཇེ་ཊུ་སི་ཟེར་མི་ གཞུང་ལས་ མི་སེར་ལུ་ ཐད་ཀར་དུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བརྡ་དོན་ཡོངས་འབྲེལ་ལག་ལེན་འཐབ་མི་མེད་རུང་ ལྷུན་རྩེ་སྒང་ཟུར་ལུ་ མི་སྡེ་ཞབས་ཏོག་ལྟེ་བའི་ནང་ མི་སེར་རེ་གཉིས་ ཡིག་ཆས་འདྲ་པར་རྐྱབ་པར་ འོང་དོ་ཡོདཔ་མས།

ད་ལྟོ་ ཞབས་ཏོག་སྤྱོད་མི་ གངམ་མེད་མི་ ལྷུན་རྩེ་མཁོ་མའི་ མི་སྡེ་ལྟེ་བ།

དེ་ཡང་ མི་སེར་ཚུ་ལུ་ གོ་རྟོགས་མེད་མི་ལུ་བརྟེན་ མི་སྡེ་ལྟེ་བ་ལེ་ཤ་ཅིག་ར་ ལག་ལེན་ཧྲིལ་བུ་མེད་པར་ ལུས་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་མ་ཚད་ གྲོང་གསེབ་མི་སེར་ལ་ལུ་ཅིག་གིས་ ལྟེ་བ་གཞི་བཙུགས་འབད་དེ་ཡོད་མིའི་སྐོར་ལས་ཡང་ ཧ་མ་གོ་བས་ཟེར་ཨིན་པས།
ལས་རིམ་འགོ་དཔོན་གོངམ་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བ་ཚུ་ནང་ མི་སྡེའི་ལྟེ་བ་ཚུ་ གཞི་བཙུགས་འབད་དེ་ བརྡ་དོན་ཡོངས་འབྲེལ་ནང་ ཞབས་ཏོག་ཚུ་ ཐོབ་ཆོག་ཆོ་ བཟོ་ཡོད་རུང་ མི་སེར་ཚུ་ལུ་ ལྟེ་བའི་སྐོར་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།
ཤེས་རྟོགས་མེད་མིའི་སྐོར་ འབྲེལ་ཡོད་འགོ་དཔོན་ རྒཔོ་དང་ དམངས་མི་ ཚོགས་པ་ཚུ་ལུ་ འདི་བཟུམ་མའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོད་པའི་སྐོར་ བསླབ་བཀོད་འབད་བར་སོངམ་ད་ ཧ་གོ་ཡོདཔ་ད་ ང་བཅས་ཀྱིས་ ལྟེ་བ་ཚུ་ནང་ ལྟ་སྐོར་འབད་བའི་སྐབས་ ལག་ལེན་པ་ལེ་ཤ་ཅིག་གིས་ མི་སེར་ཚུ་ལུ་ གོ་རྟོགས་མེད་ནི་དེ་གིས་ ཞབས་ཏོག་སྤྱོད་པར་ འོང་ནི་མེདཔ་སྦེ་ སླབ་དེས་ཟེར་ ཉི་མ་ཚེ་རིང་གིས་ སླབ་ཨིན་པས།
གཞུང་ལས་ མི་སེར་ལུ་ ཞབས་ཏོག་ཟེར་མི་དེ་ གྲོང་གསེབ་མི་སེར་ཚུ་ ཆོག་ཐམ་ག་ཅི་ར་ཨིན་རུང་ཞུ་བར་ རྫོང་ཁག་ལུ་ འགྱོ་མ་དགོ་པར་ རྒེད་འོག་ལྟེ་བའི་ནང་ གཞི་བཙུགས་འབད་ཡོད་མི་ མི་སྡེ་ཞབས་ཏོག་ལྟེ་བ་ལས་ ཡོངས་འབྲེལ་ཐོག་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ ལས་འགུལ་ཅིག་ཨིན་པས།
ལས་འགུལ་དེ་ འབྲུག་འགྲེམ་ལས་འཛིན་དང་ བརྡ་དོན་དང་ འཕྲུལ་རིག་ བརྒྱུད་འཕྲིན་ལས་ཁུངས་དང་ མཉམ་འབྲེལ་ཐོག་ ལག་ལེན་འཐབ་མ་ཚད་ དེ་གི་དམིགས་ཡུལ་ཡང་ ཆོག་ཐམ་ག་ཅི་ར་ཨིན་རུང་ ཞུ་བའི་སྐབས་ བྱ་སྒོ་ལམ་ལུགས་ཚུ་ བརྒྱ་ཆ་༧༠ དེ་ཅིག་ མར་ཕབ་འབད་ཐབས་ལུ་ཨིན་པས།
ད་རེས་ནངས་པ་ ལག་ལེན་ཧྲིལ་བུ་ཐོག་ཡོད་མི་ རྒེད་འོག་༢༣ ནང མི་སྡེ་ལྟེ་བ་༢༣ ཡོདཔ་ད་ ལག་ལེན་ཧྲིལ་བུ་མེད་མི་ རྒེད་འོག་༧༧ ནང་ ལྟེ་བ་༧༧ ཡོདཔ་ཨིན་རུང་ བརྡ་དོན་ཡོངས་འབྲེལ་མ་གཏོགས་ མཐུན་རྐྱེན་གཞན་ དཔེར་ན་ འདྲ་པར་རྐྱབ་ནི་དང་ ལམ་ཡིག་པར་བཏབ་ནི་ ཡིག་ཆ་གཞན་ཚུ་ འདྲ་པར་བཟོ་དོ་ཡོདཔ་ཨིན་པས།
ལས་འགུལ་མདོ་ཆེན་ འཇིགས་མེད་འཕྲིན་ལས་ཀྱིས་ བརྒྱུད་འཕྲིན་ཐོག་ལས་ སླབ་མི་དང་འཁྲིལཝ་ད་ མི་སྡེ་ལྟེ་བ་ཚུ་ དུས་ཅིའི་ལོ་རྫོགསཔ་ད་ ཡར་སེང་འགྱོ་འོང་ཟེར་ཨིནམ་ད་ བརྡ་དོན་ཡོངས་འབྲེལ་ཐོག་ལུ་ ཞབས་ཏོག་༣༧ ཐོབ་ཚུགསཔ་ཨིན་རུང་ མི་སེར་མང་ཤོས་ཅིག་གིས་ ཞི་བའི་ཐོ་བཀོད་དང་ ནགས་ཚལ་ མི་སྡེ་ལྟེ་བ་ལ་སོགས་པའི་ ཞབས་ཏོག་༡༧ མ་གཏོགས་ སྤྱོད་ནི་མིན་འདུག་ཟེར་ སླབ་ཨིན་པས།
གོ་རིམ་དང་པའི་ནང་ རྒེད་འོག་༡༠༠ ནང་ ལྟེ་བ་༡༠༠ གཞི་བཙུགས་འབད་ཡོདཔ་ད་ སང་ཕོད་གོ་རིམ་༢ པ་ལག་ལེན་འཐབ་ད་ ད་རུང་ ལྟེ་བ་༨༥ བཟོ་སྐྲུན་འབད་ནི་ཨིན་པས།
ལྟེ་བ་ཚུ་ལུ་ མ་དངུལ་ས་ཡ་༢༨༠.༧ གནས་མི་དེ་ སྤྱི་ཕན་རིག་འཕེལ་དང་ སཱག་གོང་འཕེལ་མ་དངུལ་ རྒྱ་གར་གཞུང་དང་ སུ་ཡིསི་གོང་འཕེལ་ལས་འཛིན་ཚུ་གིས་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་བདག་སྐྱོང་འགོ་དཔོན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒེད་འོག་ལྟེ་བ་དེ་ནང་ བརྡ་དོན་ཡོངས་འབྲེལ་གྱི་ ཞབས་ཏོག་ཡོད་རུང་ བོ་རོཌ་བེནཌ་སྦྲེལ་མཐུད་གྱི་ འཐུས་རྫོགས་པའི་བསྒང་ལས་ ལག་ལེན་མེད་པར་ ལུསཔ་ཨིན་ཟེར་ཨིན་པས།
ད་རུང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལའི་ རྒེད་འོག་བདག་སྐྱོང་འགོ་དཔོན་ སྤེལ་ན་དབང་ཕྱུག་གིས་འབད་བ་ཅིན་ གྲོང་གསེབ་མི་སེར་ཚུ་གིས་ མི་སྡེ་ལྟེ་བའི་ནང་ ཡིག་ཆ་ཚུ་ འདྲ་པར་རྐྱབ་ད་ ཁྲོམ་ཁའི་གོང་ཚད་དང་ ཁྱད་པར་ག་ནི་ཡང་མིན་འདུག་ཟེར་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ཁོང་མི་གནགཔ་ཨིནམ་ལས་ འདྲ་པར་རྐྱབ་པའི་རིན་ ཉུང་སུ་ལེན་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ གཞུང་གི་ཞབས་ཏོག་ཟེར་མི་དེ་ མི་སེར་ཚུ་ལུ་ ཕན་ཐོགསཔ་ཅིག་དགོཔ་སྦེ་ སླབ་མས་ཟེར་ སྤེལ་ན་དབང་ཕྱུག་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment