གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་གཉིས་ རྒྱལ་ཕམ་ཕྱེ་མ་ཚུགསཔ།

༣༡/༡༢/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་རྩེད་ཐང་ནང་སྦེ་ ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་གི་རྩེད་འགྲན་དེ་ ཡིད་འཛིན་དང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱི་བར་ན་འབདཝ་ད་ སྡེ་ཚན་༢ ཀྱིས་ གཱོལ་༡-༡ བཙུགས་ཡོདཔ་ལས་ སྐུགས་རེ་རེ་ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།
ཕུཊ་བཱོལ་སྒོ་སྲུང་པ་གིས་ བཱོལ་བཟུང་བའི་བསྒང་།


དེ་ཡང་ ཡིད་འཛིན་སྡེ་ཚན་གྱིས་ བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༧༥ ལུ་ བར་ན་རྩེད་འགྲན་འབད་མི་ དཱེ་ཝསི་གིས་ གཡོན་ཕྱོགས་ཀྱི་ རྩེད་འགྲན་པ་ སྙིང་པོ་དེ་ བྱང་ཕྱད་ཀྱི་ གཱོལ་བཙུགས་སའི་ ས་ཁོངས་སྦོ་ལོགས་ཁར་ལྷོདཔ་ད་ བཱོལ་དེ་ ཁོ་ལུ་སྤྲོདཔ་ཅིག་ ཁོ་གིས་ རིག་རྩལ་བཏོན་ཐོག་ལས་ གཱོལ་བཙུགས་ད་ཡི།
དེ་ལས་ སྡེ་ཚན་གཉིས་ཀྱི་བར་ན་ ཕན་ཚུན་རང་སོའི་འཛོན་སྟབས་དང་ རིག་རྩལ་ཚུ་ལག་ལེན་འཐབ་ཐོག་ལས་ རྩེད་འགྲན་ལེགས་ཤོམ་འབད་ཡོད་རུང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་གྱིས་ དུས་ཡུན་ཚང་ནི་ལུ་ སྐར་མ་གཅིག་ཡོད་པའི་སྐབས་ ཧེན་འགྱོཔ་སྦེ་རྩེ་མི་ ཨེསི་ཊེ་ཀར་ ཚེ་རིང་རྒྱལ་མཚན་གྱིས་ རིག་རྩལ་མ་འདྲཝ་བཏོན་ཐོག་ལས་ གཱོལ་ཅིག་བཙུགས་ཅི།
སྡེ་ཚན་གཉིས་ཀྱིས་ ཁ་ཙ་གི་རྩེད་འགྲན་ནང་ལས་ སྐུགས་འདྲན་འདྲ་ཐོབ་རུང་ སྤྱིར་བཏང་རྩེད་འགྲན་གྱི་ གཱོལ་ཡོངས་བསྡོམས་ནང་ གཱོལ་གཅིག་གིས་ ཡིད་འཛིན་སྡེ་ཚན་མཐོ་དོ་ཡོདཔ་ལས་ འབྲུག་པཱོལ་སྡེ་ཚན་ཨང་དང་པ་དང་ ཡིད་འཛིན་སྡེ་ཚན་ཨང་༢ པ་ དེ་ལས་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་ཨང་༣ པ་སྦེ་ ཡོདཔ་ཨིན་པས།
འབྲུག་པཱོལ་སྡེ་ཚན་གྱིས་ ཕུན་ཚོགས་གླིང་སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ གཟིམ་སྒྲ་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ བསམ་རྩེ་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཡིད་འཛིན་སྡེ་ཚན་ལས་ རྩེད་འགྲན་འབད་མི་ པདྨ་གིས་སླབ་མིའི་ནང་ ཁ་ཙ་ རྩེད་འགྲན་ནང་ རྒྱལ་ཁ་ཐོབ་ནིའི་ རེ་འདོད་ཡོདཔ་ལས་ དུས་ཡུན་སྐརམ་༩༠ ཚུན་ བྱང་ཕྱད་སྡེ་ཚན་གྱི་ས་ཁོངས་ནང་ བཱོལ་ གཱོལ་བཙུགས་ནིའི་དོན་ལུ་ ག་དེ་ཅིག་ རྩ་འགེངས་རུང་ གཱོལ་བཟུང་མི་ དེ་གིས་བཏང་མ་བཏུབ་ཟེར་ཨིན་པས།
སྡེ་ཚན་གྱིས་ དུས་ཡུན་སྐར་མ་༧༥ འི་ནང་ གཱོལ་བཙུགས་པའི་ཤུལ་ལས་ རྩེད་འགྲན་འབད་མི་ཆ་རོགས་ཚུ་གིས་ རྒྱལ་ཁ་འཐོབ་འོང་ཟེར་ སེམས་བག་གཡེངགི་ངང་ལུ་ རྩེད་འགྲན་འབད་ཡོདཔ་ལས་ ན་འཐན་ར་དུས་ཚོད་ཚང་རནམ་ད་ སེམས་བག་གཡེང་བཏང་སྡོད་པའི་ གྲུབ་འབྲས་དེ་ སྨིན་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པས།
ཀོ་ཀ་ཀོ་ལ་ ཕུཊ་བཱོལ་ལིག་གི་རྩེད་འགྲན་ཐེངས་དང་པ་དེ་ སྤྱི་ལོ་༢༠༡༣ ཟླཝ་༡ པའི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིན་རུང་ ལིག་སྐོར་ཐེངས་༢ པའི་རྩེད་འགྲན་དེ་ སྤྱི་ཟླ་༢ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment