གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་སྟོབས་རིག་འཚོལ་གྱི་ ལྕོགས་གྲུབ་དབྱེ་དཔྱད་ ཁ་ཙ་མཇུག་བསྡུ་ཡོདཔ།

༢༩/༡༢/༢༠༡༢   ༉ སྐྱེས་སྟོབས་རིག་འཚོལ་ སྤྱི་ལོ་༢༠༡༣ པ་དེ་ འགོ་བཙུགས་ཏེ་ ཁ་ཙ་ལས་ བདུན་ཕྲག་༢ ལང་དོ་ཡོདཔ་བཞིན་དུ་ ད་ཚུན་གྱི་རིང་ལུ་ དྲང་དཔོན་ཚུ་གིས་ ན་ཆུང་ཚུ་གི་ ལྕོགས་གྲུབ་ཀྱི་དབྱེ་དཔྱད་ཚུ་ འབད་ཡོདཔ་ཨིན་པས།


ན་ཆུང་ཚུ་གིས་ ཞབས་ཁྲ་བོད་སྒྲ་དང་ གཞུང་སྒྲ་ རིག་གསར་ དེ་ལས་ དགོད་བྲ་བསྒྱུར་ནི་ ལ་སོགས་པའི་རིག་རྩལ་དབྱེ་ཁག་༤ ནང་ ཁོང་རའི་ལྕོགས་གྲུབ་ཀྱི་རིག་རྩལ་ཚུ་ སྟོན་དོ་ཡོདཔ་ཨིན་པས།
བདུན་ཕྲག་ཤུལ་མམ་ལས་འགོ་བཙུགས་ཏེ་ ཁོང་རའི་ལྕོགས་གྲུབ་དང་ སྤྲོ་བ་དང་འཁྲིལ་ ཞབས་ཁྲ་དབྱེ་ཁག་༣ གྱི་གྲས་ལས་ གང་རུང་༢ གདམ་ཁ་རྐྱབ་སྟེ་ སྐད་འཐེན་ནི་ཨིནམ་ད་ དགོད་བྲ་བསྒྱུར་ནི་དང་ འཁྲབ་རྩེདཔ་གི་རིག་རྩལ་ཚུ་ཡང་ མི་མང་ལུ་ སྟོན་དགོཔ་ཨིན་པས།
ཤུལ་མའི་བདུན་ཕྲག་ནང་ལས་ དྲང་དཔོན་གྱི་སྐུགས་དམའ་ཤོས་ཐོབ་མི་དང་ མི་མང་གི་ཚོགས་རྒྱན་ཉུང་ཤོས་ཐོབ་མི་ མི་ངོམ་༤ བཏོན་གཏང་ནི་ཨིན་པས།
འགོ་འདྲེན་པ་ མི་ལ་སྟོབས་རྒྱས་ཀྱིས་སླབ་མིའི་ནང་ བཙག་འཐུའི་སྐབས་ རྫོང་ཁག་༢༠ ནང་ལས་ བཅའ་མར་གཏོགས་མི་ ན་གཞོན་༤,༣༠༠ ལྷགཔ་ཅིག་འོང་ཡོད་རུང་ ལྕོགས་གྲུབ་ཅན་གྱི་ན་ཆུང་༢༠ ལས་བརྒལ་ གདམ་འཐུ་མ་འབད་ཟེར་ཨིན་པས།
གདམ་འཐུ་འབད་བའི་སྐབས་ ལས་རིམ་གྱི་དབྱེ་ཁག་༤ ཆ་རའི་ནང་ ལྕོགས་གྲུབ་ཡོད་མི་ཚུ་རྐྱངམ་གཅིག་ བཙག་འཐུ་འབད་ཡོདཔ་ལས་ ན་གཞོན་ག་ར་ ལྕོགས་གྲུབ་ཧ་ལམ་ འདྲ་མཉམ་སྦེ་ར་ཡོད་ཟེར་ཨིན་པས།
ན་ཆུང་ཚུ་ལུ་ཡང་ སྙན་ཆ་དང་ ཞབས་ཁྲ་འཐེན་ནི་ནང་ འབྲུག་མི་ཡོངས་གྲགས་ཅན་དག་པ་ཅིག་གིས་སྦེ་ སྦྱང་བ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ན་ཆུང་ཚུ་ལུ་ དེ་བཟུམ་གྱི་གོ་སྐབས་བྱིན་མི་གིས་ ཁོང་ལུ་ ཡོན་ཏན་ཐེབས་ཐོབ་ཚུགསཔ་མ་ཚད་ ཁོང་ལུ་ཡོད་པའི་ལྕོགས་གྲུབ་དེ་ མི་མང་གི་གདོང་ཁར་ གསལ་སྟོན་འབད་ཚུགས་ནི་དེ་གིས་ མ་འོངས་པ་ལུ་ གློག་བརྙན་ནང་ འཁྲབ་རྩེདཔ་འབད་ནི་དང་ ཞབས་ཁྲ་འཐེན་ནི་ཚུ་ནང་ གོ་སྐབས་ལེགས་ཤོམ་ཡོད་ཟེར་ཨིན་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment