གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་མི་ལུ་ཆོག་ཐམ་སྤྱོད་བཅུག་མི་ཚུ་ ཆ་མེད་བཏང་ཡོདཔ།

༢༦/༡༢/༢༠༡༢   ༉ འདས་པའི་ཟླཝ་༥ མ་ལངམ་ཅིག་གི་ནང་འཁོད་ལུ་ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ ཚོང་འབྲེལ་ཆོག་ཐམ་༥ དེ་ཅིག་ ཚུལ་མིན་ཐོག་ ཕྱི་མི་ཚུ་ལུ་ གླ་ཁར་བཏང་ཐོག་ལས་ ཚོང་འབྲེལ་འཐབ་ཡོད་པའི་གནད་དོན་ཐོག་ ཆ་མེད་བཏང་ཡོདཔ་ཨིན་པས།


ཚོང་འབྲེལ་ཆོག་ཐམ་ཚུ་ ཕྱི་མི་ཚུ་ལུ་ ཚུལ་མིན་གླ་ཁར་བཏང་མི་དེ་ མང་ཤོས་ར་ ས་མཚམས་ཀྱི་ཁྲོམ་སྡེ་ཚུ་ནང་ འབྱུང་དོ་ཡོདཔ་ད་ དེ་ཡང་ འབྲུག་མི་ཚོང་པ་ཚུ་གིས་ ཚོང་འབྲེལ་ཆོག་ཐམ་དེ་ ས་མཚམས་ཁར་སྡོད་མི་ རྒྱ་གར་གྱི་མི་ངོམ་ཚུ་ལུ་ གླ་ཁར་བྱིན་ཐོག་ལས་ ཚོང་འབྲེལ་འཐབ་བཅུག་ནི་དེ་གིས་ཨིན་པས།
ཆོག་ཐམ་ཚུལ་མིན་ གླ་ཁར་བཏང་ཐོག་ལས་ ཚོང་འབྲེལ་འཐབ་མི་ ཆ་མེད་བཏང་དགོ་མི་དེ་ཡང་ དུས་ཅི་ལོའི་སྔ་ཆ་ལུ་ ཆོག་ཐམ་ཚུལ་མིན་ལག་ལེན་ལྟ་རྟོག་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ ཆོག་ཐམ་གླ་ཁར་བྱིན་མི་དང་ ཚོང་པ་ གཞན་ཚུ་གི་བར་ན་ མཉམ་འབྲེལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དང་བསྟུན་བསྟར་སྤྱོད་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཚོང་འབྲེལ་ཆོག་ཐམ་ཚུལ་མིན་ལག་ལེན་ཐོག་ གླར་ཁར་བྱིན་མི་ཚུ་ལུ་ ཉེས་ཆད་དང་ ཆོག་ཐམ་ཆ་མེད་མ་བཏང་པའི་ཧེ་མར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ ལས་གཡོག་ལས་ཁུངས་ དེ་ལས་ ཕྱི་མི་ནང་བསྐྱོད་འགོ་དཔོན་ཚུ་གིས་ ཚོང་པ་ཚུ་ལུ་ ཚུལ་མིན་ལག་ལེན་དེ་ མཚམས་འཇོག་འབད་དགོ་པའི་ བརྡ་བསྐུལ་ཁྱབ་བསྒྲགས་ཚུ་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ལོའི་སྔ་ཆ་ལུ་ ཆོག་ཐམ་ཚུལ་མིན་ལག་ལེན་ལྟ་རྟོག་ཚོགས་ཆུང་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཚོང་པ་མང་ཤོས་ཀྱིས་ར་ རང་སོའི་ཆོག་ཐམ་ཚུ་ རང་གིས་སྦེ་ ལག་ལེན་འཐབ་ཐོག་ལས་ ཚོང་རྐྱབ་མིའི་གྱངས་དེ་ ཡར་སེང་སོང་ཡི་ཟེར་ཨིན་རུང་ ཉེན་བརྡ་དང་ བརྡ་བསྐུལ་ཁྱབ་བསྒྲགས་འབད་མི་ལུ་ ཆ་གནས་མེད་པར་ ཚོང་འབྲེལ་ཆོག་ཐམ་ཚུ་ ཚུལ་མིན་ཐོག་ལག་ལེན་འཐབ་མི་ཡང་ ལེ་ཤ་ཡོདཔ་ལས་ ངོས་འཛིན་འབད་དེ་ ལུགས་མཐུན་གྱི་ བྱ་ལེན་འཐབ་དགོཔ་ཡོད་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་འབྲུག་པ་གིས་ སླབ་མིའི་ནང་ ཆོག་ཐམ་ཚུལ་མིན་གླ་ཁར་བཏང་མི་ཚུ་ འཛིན་བཟུང་འབད་མིའི་ནང་ དོ་འགྲན་སྦོམ་ཡོད་ཟེར་ཨིནམ་ད་ ཚོང་འབྲེལ་ལས་སྡེ་དེ་ ཆོག་ཐམ་ཚུ་ ཕྱི་མི་ལུ་གླ་ཁར་བྱིན་ཏེ་ ལག་ལེན་འཐབ་མི་ཨིནམ་ཤེས་རྟོགས་བྱུང་ཡོད་རུང་ ཞིབ་དཔྱད་ལུ་ འོང་བའི་སྐབས་ ཚོང་འབྲེལ་འཐབ་མི་ རྒྱ་གར་གྱི་མི་ངོ་དེ་མེད་པར་ ཆོག་ཐམ་འཆང་མི་འབྲུག་མི་ངོ་མ་དེ་ སྡོདཔ་མས་ཟེར་ཨིན་པས།
ཆོག་ཐམ་གླ་ཁར་བྱིན་ཡོད་པའི་ངོས་འཛིན་ཐོག་ འཛིན་བཟུང་འབད་དེ་ ཉེས་བྱ་བཏབ་ཞིནམ་ལས་ ད་རུང་ ལོག་ཆོག་ཐམ་གླ་ཁར་བཏང་ཡོད་པའི་གནད་དོན་ནང་ འཛིན་བཟུང་འབད་བ་ཅིན་ ཆོག་ཐམ་ཚུ་ དེ་འཕྲོ་ལས་ ཆ་མེད་བཏང་ནི་ཟེར་ཨིན་པས།
ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་འགོ་བཙུགས་ དེ་བཟུམ་སྦེ་ ཚོང་འབྲེལ་ཆོག་ཐམ་ ཕྱི་མི་ཚུ་ལུ་ གླ་ཁར་བཏང་ཐོག་ལས་ ལག་ལེན་འཐབ་མི་ཚུ་ལུ་ ལྟ་རྟོག་དང་ ཞིབ་དཔྱད་ཚུ་ སྒྲིང་སྒྲིང་སྦེ་ར་འབད་ནི་འགོ་བཙུགས་ཏེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ལུང་ཕྱོགས་ཀྱི་ ཆོག་ཐམ་ཚུལ་མིན་ལག་ལེན་ལྟ་རྟོག་ཚོགས་ཆུང་གིས་ ཤུལ་མའི་ཟླཝ་ནང་ལུ་ མཉམ་འབྲེལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment