གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་པོ་སྐྱོན་ཅན་ཚུ་ལུ་ ཤེས་རིག་གི་ གོ་སྐབས་འདྲ་མཉམ།

༢༥/༡༢/༢༠༡༢   ༉ དབང་པོ་ལུ་ཐོ་ཕོག་མི་ ཨ་ལུ་ཚུ་གིས་ ལས་རིམ་དང་ ལས་སྣ་ཚུ་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མི་ ཅ་ཆས་ཚུ་ལུ་ ནང་ཁྲལ་དང་ ཅ་ཁྲལ་ དེ་ལས་ འགྲེམ་སྐྱེལ་གྱི་ཁྲལ་ཚུ་ མ་ཕོགཔ་སྦེ་ ཤེས་རིག་ལྷན་ཁག་གི་ རྒྱལ་གཞུང་དམིགས་བསལ་ཤེས་ཡོན་སྲིད་བྱུས་ནང་བཀོད་ནུག།


སྲིད་བྱུས་དང་འཁྲིལཝ་ད་ དམིགས་བསལ་གྱི་ ཤེས་ཡོན་དགོས་མཁོ་ཡོད་མི་ ཨ་ལུ་ཚུ་ལུ་ ཤེས་ཡོན་རྒྱབ་སྐྱོར་དང་ ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་འབད་དགོཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གིས་ མི་ཚེའི་གནས་སྟངས་ གཞན་ཚུ་དང་ དབྱེ་བ་མེད་པར་ གསོ་བ་དང་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ སྐྱེལ་འདྲེན་དང་ ཁྲལ་གྱི་ཁེ་ཕན་ཚུ་ མཁོ་སྤྲོད་ཐོག་ རྒྱལ་ཁབ་ཀྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་ ལས་སྣ་ཚུ་ནང་ ཕན་ཐོགས་ཅན་སྦེ་ གྲལ་གཏོགས་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ གཞུང་གིས་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ཚུ་ལུ་ དྭངས་གསལ་ཅན་གྱི་ སྲིད་བྱུས་བཟོ་དགོ་པའི་ བཀའ་གནང་དགོཔ་སྦེ་ གསལ་བཀོད་འབད་ནུག།
སྲིད་བྱུས་དང་འཁྲིལཝ་ད་ དབང་པོ་ལུ་སྐྱོན་ཡོད་མི་ ཨ་ལུ་ཚུ་གིས་ ཨ་ལུ་གཞན་ཚུ་དང་ཕྱདཔ་ད་ ཉེ་རིང་ག་ཅི་ཡང་མེད་པར་ ན་ཆུང་གི་ ཤེས་ཡོན་ལས་འགོ་བཙུགས་ ཤེས་ཡོན་གྱི་ གོ་སྐབས་ཚུ་ འདྲ་མཉམ་ཐོབ་ཚུགསཔ་ བཟོ་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ རྒྱལ་གཞུང་གཙུག་ལག་སློབ་སྡེ་དང་ ཆེ་རིམ་ཤེས་ཡོན་བྱིན་མི་ཚུ་དང་གཅིག་ཁར་ བསྐུལ་ཁྱབ་བརྡ་སྤྲོད་ཐོག་ ཆེ་རིམ་ཤེས་ཡོན་བྱིན་མི་ སྤེལ་ཁང་ག་རའི་ནང་ དམིགས་བསལ་གྱི་ ཤེས་ཡོན་དགོ་པའི་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་ལྷབ་སྦྱང་གི་ ལྟེ་བ་ཚུ་ གཞི་བཙུགས་འབད་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཡུན་རིང་ཐབས་བྱུས་ཀྱི་ ཐད་ལུ་ལྷོདཔ་ད་ ཤེས་རིག་ལྷན་ཁག་གིས་ སྒེར་གྱི་སློབ་གྲྭ་ཚུ་གིས་ཡང་ དམིགས་བསལ་ཤེས་རིག་ལམ་ལུགས་ཚུ་ གཞི་བཙུགས་འབད་ཚུགསཔ་བཟོ་ནིའི་དོན་ལུ་ རྒྱབ་བསྐྱོར་འབད་དགོཔ་ཨིན་པས།
སྲིད་བྱུས་དང་འཁྲིལ་ ལམ་ལུགས་དེ་གི་ཐོག་ལུ་ དབང་པོ་ལུ་ ཐོ་ཕོག་མི་ སློབ་ཕྲུག་ཚུ་གིས་ དམིགས་བསལ་ཤེས་རིག་ལས་རིམ་དང་ སྤྱིར་བཏང་གི་ ཤེས་རིག་ལམ་ལུགས་༢ ཆ་རའི་ནང་ བཅའ་མར་གཏོགས་ཚུགས་ནི་ཨིན་པས།
སྲིད་བྱུས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ ཆ་འཇོག་གི་དོན་ལུ་ གཞུང་ལུ་ཕུལ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment