གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་ སྲིད་དོན་ནང་འབྲེལ་གཏོགས་འབད་ནི་ལུ་ དགོངས་ཞུ་འབད་དགོ་ནི།

༢༡/༡༢/༢༠༡༢   ༉ འབྲུག་གི་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ ལོག་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་གོ་སྐབས་དེ་ ད་ཚུན་ལུ་ཁ་གསལ་མེད་པར་ གཏན་འཁེལ་འགྱོ་མ་ཚུགསཔ་མ་ཚད་ ལ་ལུ་ཅིག་གིས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྲིད་ཚོགས་ཀྱི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནིའི་གོ་སྐབས་ལེན་ནིའི་ དང་འདོད་བསྐྱེད་མི་ཡང་ ཡོདཔ་ཨིན་པས།


དེ་ཡང་ གཙོ་བོ་ར་ ཐོ་བཀོད་ཅན་དང་ དང་འདོད་ཅན་གྱི་སྲིད་ཚོགས་གསརཔ་ཚུ་ལུ་ འདེམས་ངོ་མ་ལང་པའི་དོ་འགྲན་བྱུང་མི་ལུ་བརྟེན་ སྲིད་ཚོགས་ལ་ལུ་ཅིག་གིས་ ཚོགས་སྡེའི་འཐུས་མི་ཚུ་ལུ་ དང་འདོད་བསྐྱེད་མི་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོགས་སྡེའི་འཐུས་མི་ཚུ་གིས་ ད་ལྟོའི་གནས་ཡུན་ཚང་ཞིནམ་ལས་ སྲིད་ཚོགས་ཀྱི་གྲས་ཁར་འཛུལ་ཏེ་ ཚོགས་འདུའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་ལུ་ གོ་སྐབས་ཐོབ་ཚུགས་ག་ཟེར་བའི་ དོགས་པ་ཡོདཔ་ཨིན་པས།
ཐོ་བཀོད་ཅན་གྱི་སྲིད་ཚོགས་ཚུ་གིས་ སྤྱི་ཚོགས་ཀྱི་བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དང་འདོད་ཞུ་ཡིག་དེ་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་འབད་བའི་ཤུལ་ལས་ ཉིནམ་༧ གྱི་ནང་འཁོད་ལུ་བཙུགས་དགོཔ་ད་ ཞུ་ཡིག་དང་གཅིག་ཁར་ གལ་ཅན་གྱི་ཡིག་རིགས་ནང་ འདེམས་ངོ་ཚུ་གི་ ཐོ་ཡིག་དགོཔ་ཨིན་པས།
བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ བརྡ་བསྐུལ་གསལ་བསྒྲགས་དེ་ཡང་ མི་དབང་རྒྱལ་པོའི་བཀའ་ཤོག་གནང་ཐོག་ལས་ ད་རེས་ཀྱི་ ཚོགས་འདུའི་གནས་ཡུན་མ་ཚང་བའི་ ཉིནམ་༩༠ གི་ནང་འཁོད་ལུ་འབད་དགོཔ་ད་ འཕྲལ་ཁམས་ཀྱི་དུས་རྩིས་ འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༤ པའི་ཚེས་༢༠ ལུ་ཚང་ནི་དང་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚང་ནི་ཨིནམ་ལས་ དུས་རྩིས་དང་འཁྲིལ་བ་ཅིན་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་དེ་ སྤྱི་ཟླ་༡ པའི་ཚེས་༢༠ དེ་ཅིག་གི་ནང་འཁོད་ འབད་ནི་གི་འོས་འབབ་འདུག་ཟེར་ཨིན་པས།
ཐོ་བཀོད་ཅན་གྱི་སྲིད་ཚོགས་ཚུ་གིས་ བཙག་འཐུའི་ནང་བཅའ་མར་གཏོགས་ནིའི་ དང་འདོད་ཞུ་ཡིག་ཚུ་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་འབད་བའི་ཤུལ་ལུ་ ཉིནམ་༧ གྱི་ནང་འཁོད་ལུ་འབད་དགོཔ་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་གསུངས་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ལས་ སྲིད་ཚོགས་ཀྱི་ བཙག་འཐུའི་ནང་དོ་འགྲན་འབད་ནི་ཨིན་པ་ཅིན་ སྲིད་འབྲེལ་མེད་མི་ལས་ སྲིད་འབྲེལ་ནང་འཛུལ་ཞུགས་འབད་དོ་ཡོདཔ་ལས་ དགོངས་ཞུ་འབད་དགོ་ཟེར་ འདས་པའི་བདུན་ཕྲག་ནང་ ཀུན་གསལ་ལུ་གསལ་བཤད་འབད་ཡི།
རྩ་ཁྲིམས་ཆེན་མོའི་ནང་ ཚོགས་སྡེའི་འཐུས་མི་ཚུ་གིས་ ལོ་༥ འི་གནས་ཡུན་ ཚང་དགོཔ་སྦེ་ཡོད་མི་དེ་ རྩོད་དོན་གྱི་ གཞི་གནད་ཅིག་ལུ་གྱུར་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ལ་ལུ་ཅིག་གིས་ རྩ་ཁྲིམས་ཀྱི་དོན་ཚན་ནང་འཁོད་པའི་ དགོངས་དོན་དེ་ ཚོགས་སྡེའི་འཐུས་མི་ཚུ་གིས་ དགོངས་ཞུ་མེད་པར་ ཤུལ་མའི་བཙག་འཐུའི་ནང་ཡང་ འབྲེལ་གཏོགས་འབད་ཆོག་ཟེར་བའི་ གོ་བ་ལེན་ཐོག་ལས་ སླབ་མི་ཡང་ཡོདཔ་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ ཚོགས་སྡེའི་བཅའ་ཁྲིམས་ནང་ དགོངས་ཞུའི་དོན་ཚན་ཚུ་ཚུད་ཡོདཔ་ལས་ གལ་སྲིད་ ཚོགས་སྡེའི་འཐུས་མི་ཚུ་ དགོངས་ཞུ་འབད་མ་ཆོག་པ་ཅིན་ ཚོགས་སྡེའི་བཅའ་ཁྲིམས་ནང་ དགོངས་ཞུ་ཟེར་བའི་དོན་ཚན་ཚུ་ ཚུད་དགོཔ་མིན་འདུག་ཟེར་ བསམ་ལན་བཀོད་མི་ཡང་ཡོདཔ་ཨིན་པས།
གལ་སྲིད་ དགོངས་ཞུ་འབད་ཆོག་པ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་གཙུག་སྡེ་ འཕྲོ་མཐུད་དེ་འགྱུར་བ་མེད་པར་ ངོས་འཛིན་གྱི་དོན་ལུ་ ཚོགས་སྡེའི་ནང་འཐུས་མི་ཉུང་མཐའ་ལས་ དཔྱ་༣ ལས་ དཔྱ་༢ ཚང་དགོཔ་ཡོདཔ་ཨིན་པས།
སྲིད་ཚོགས་ཚུ་གིས་ འདེམས་ངོའི་ཐོ་ཡིག་ཕུལ་མི་དེ་ གནས་སྐབས་ཀྱི་ཚོད་དཔག་ཐོ་ཡིག་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ལུ་ འདེམས་ངོའི་ཐོ་ཕུལ་བའི་སྐབས་ གཞན་མི་ཅིག་གི་མིང་ཐོ་བཙུགས་ཐོག་ལས་ ཤུལ་ལས་ བསྒྱུར་བཅོས་འབད་ནིའི་ གོ་སྐབས་ཡང་འདུག་ཟེར་ཨིན་པས།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འདེམས་ངོའི་ཐོ་ཡིག་དེ་ སྲིད་ཚོགས་ཚུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་བའི་སྐབས་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་གིས་ དབྱེ་ཞིབ་ཐོག་ཆ་འཇོག་འགྲུབ་ཞིནམ་ལས་ མཐའ་མཇུག་ཨིནམ་ད་ ཐོ་ཡིག་ནང་ འདེམས་ངོ་མ་ཚང་པར་ཕུལ་བ་ཅིན་ འདི་ལུ་ངོས་ལེན་མེད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment