གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་བ་ཐང་སྨན་ཁང་གི་ གྲོས་འཆར་ལུ་ ངོས་ལེན་མེདཔ།

༣༡/༡༢/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་དང་ ཁྲོམ་སྡེ་ཚོགས་སྡེ་མང་རབས་ཅིག་ནང་ གྲོས་བསྡུར་འབད་བའི་ཤུལ་ལུ་ བདེ་བ་ཐང་ལུ་ སྨན་ཁང་ཅིག་ རྐྱབ་ནི་སྦེ་ གནང་བ་གྲོལ་ཡོད་རུང་ གྲོས་འཆར་དེ་ལུ་ གསོ་བའི་ལྷན་ཁག་ལས་ ངོས་ལེན་མ་ཐོབ་པར་ཡོདཔ་ཨིན་པས།
ང་ཁག་གསོ་བའི་འགོ་དཔོན་ ཌོག་ཊར་ཨྱོན་དབང་འདུས་ཀྱིས་ ཁྲོམ་སྡེ་ཚོགས་སྡེའི་ནང་ ལྷན་ཁག་ལས་ ངོས་ལེན་མ་ཐོབ་པའི་སྐོར་ ཞུ་བའི་བསྒང་།


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ ཁྲོམ་སྡེ་ཚོགས་སྡེའི་ཞལ་འཛོམས་ཐེངས་༥ པ་འཚོགས་པའི་སྐབས་ རྫོང་ཁག་གསོ་བའི་འགོ་དཔོན་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ གསོ་བའི་ལྷན་ཁག་ལས་ ངོས་ལེན་ག་ཅི་ཡང་ མ་ཐོབ་ཟེར་ སྙན་ཞུ་འབད་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ སྨན་ཁང་རྐྱབ་ནི་དེ་ འཆར་གཞི་སྦོམ་ཅིག་སྦེ་ ཚུད་ཡོད་རུང་ ལྷན་ཁག་གི་ གནང་བ་མེད་པར་ ཁོང་ལུ་ འབད་ཐབས་ག་ནི་ཡང་མེད་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ཚུ་གིས་ ད་ལྟོ་ བདེ་བ་ཐང་ལུ་ཡོད་མི་ དྲག་པོའི་སྨན་ཁང་ནང་ དགོས་མཁོའི་ཞབས་ཏོག་དང་ མཐུན་རྐྱེན་ཚུ་ཚངམ་སྦེ་ མ་ཐོབ་མི་ལུ་ ཚ་གྱང་ཡོད་ཟེར་ ཞུ་ཡོདཔ་ད་ དྲག་པོའི་སྨན་ཁང་ནང་ ཌོག་ཌར་ལངམ་སྦེ་མེད་པའི་ཁར་ མཁོ་གལ་ཆེ་བའི་སྐབས་ སྨན་རིགས་ཚུ་ཡང་ ཐོབ་མི་ཚུགས་པས་ཟེར་ ཀེབ་སི་འཐུས་མི་ བཀྲིས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
བདེ་བ་ཐང་སྨང་ཁང་ནང་ལས་ ང་བཅས་ལུ་དགོ་མི་ སྨན་མ་ཐོབ་ད་ འཕྲལ་འཕྲལ་ར་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ འགྱོ་དགོཔ་བྱུངམ་མས་ཟེར་ ཁྲོམ་སྡེ་འཐུས་མི་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ ཌོག་ཊར་ཨྱོན་དབང་འདུས་ཀྱིས་ སླབ་མིའི་ནང་ ཧེ་མར་འབད་བ་ཅིན་ དྲག་པོའི་སྨན་ཁང་ནང་ ཞི་བའི་ཌོག་ཌར་༡ དང་ གཤག་བཅོསཔ་༡ སྨན་བཅོས་འགོ་དཔོན་༡ མོ་ནད་མཁས་མཆོག་ཅིག་ཡོདཔ་ཨིན་རུང་ སྨན་ཁང་དེ་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ རྩིས་ལེན་པའི་ཤུལ་ལུ་ མི་སྟོབས་དང་ ཞབས་ཏོག་ མཐུན་རྐྱེན་ཚུ་ མར་ཉམས་ཡར་སོ་ཡི་ཟེར་ཨིན་པས།
སྨན་ཁང་དེ་ནང་ཡོད་རུང་མེད་རུང་ བར་མ་ལས་ མོ་ནད་ཌོག་ཊར་ཅིག་ཡོད་མི་དེ་ཡང་ མོ་གི་ཁག་འབག་གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༢ པའི་ནང་ ཚང་ནི་ཨིནམ་བཞིན་དུ་ མོ་ནད་མཁས་མཆོག་ལུ་ ཆ་རོགས་འབད་མི་ ཤེས་ཚད་ལྡན་མི་ སྨན་གཡོགམོ་༡ དང་ ཁྲིམས་སྲུང་འགག་པའི་ སྨན་གཡོགམོ་ལས་རོགས་དག་པ་ཅིག་ལས་བརྒལ་མེད་ཟེར་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཧེ་མར་ གསོ་བའི་ལྷན་ཁག་གིས་ བདེ་བ་ཐང་ལུ་ ད་ལྟོ་ དྲག་པོའི་སྨན་ཁང་ཡོད་སའི་ ས་ཁོངས་ནང་ སྨན་ཁང་གསརཔ་ཅིག་ རྐྱབ་ནི་གི་ འོས་འབབ་བརྟག་དཔྱད་འབད་ཡོདཔ་ཨིན་པས།
དྲག་པོའི་སྨན་ཁང་དེ་ འབྲུག་གི་བསྟན་སྲུང་དམག་སྡེའི་སྒར་ནང་ཡོད་ནི་དེ་གིས་ ཁྲོམ་སྡེ་ཚོགས་སྡེའི་ ཞལ་འཛོམས་ཐེངས་༢ པའི་ནང་ ས་ཁོངས་སོར་དགོ་པའི་ གྲོས་འཆར་ཅིག་ བཙུགས་ཡོདཔ་ལས་ ད་ལྟོ་ ས་ཁོངས་གསརཔ་དེ་ ངོས་འཛིན་མ་འབད་བར་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment