གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྔོན་འགྲོའི་བརྟག་དཔྱད་ནང་ གག་འགྲམ་ཞུགས་མི་ཚུ་ གས་རྫས་ལུ་བརྟེན་མེན་པའི་མངོན་གསལ།

༢༥/༡༢/༢༠༡༢   ཨིན་རུང་ གཏན་འཁེལ་གྱི་ སྙན་ཞུ་དེ་ ཟླཝ་༡ གི་རྒྱབ་ལས་ བཏོན་ནི་ཨིན་པས།
༉ ཀྲོང་གསར་རྫོང་དང་ ལྟ་རྫོང་ དེ་ལས་ རྫོང་གི་གདོང་ཕྱོགས་ལུ་ མཐོང་གསལ་ཆེ་བའི་ ས་ཁོངས་ནང་ཡོད་མི་ མགྲོན་ཁྱིམ་གསུམ་ལུ་ གག་འགྲམ་ཞུགས་མི་དང་ སེར་གུ་ཐོན་མི་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་ཁང་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ གས་རྫས་ལག་ལེན་འཐབ་མི་ལུ་བརྟེན་ཨིན་པའི་ ཁ་ཉེས་བཀལ་མི་ལུ་ རྒྱ་གར་ལས་ ཞིབ་དཔྱད་འབད་བར་འོང་མི་༢ ཀྱིས་འབད་བ་ཅིན་ མེནམ་བཟུམ་ཅིག་འདུག་ཟེར་ཨིན་པས།


དེ་ཡང་ རྡོ་རིག་མཁས་མཆོག་ གོ་པི་ནར་ཐར་གྱིས་ སླབ་མིའི་ནང་ ཁོང་གིས་ སེསི་མོ་ག་ཕར་ཟེར་མི་ འཕྲུལ་ཆས་ལག་ལེན་འཐབ་ལྟཝ་ད་ ལྟ་རྫོང་གི་ ས་ཁོངས་ནང་ སྐད་དུམ་གྲ་རེ་གོ་བའི་ མངོན་གསལ་བྱུང་ཡོདཔ་མ་གཏོགས་ ཀྲོང་གསར་རྫོང་དང་ མགྲོན་ཁྱིམ་༢ ཀྱི་ ས་ཁོངས་ནང་ གནོད་ཉེན་ཡོད་པའི་ མཐོང་གསལ་ མ་བྱུང་ཟེར་ཨིན་པས།
ཁོང་གི་ སྔོན་འགྲོའི་བརྟག་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ ས་ཁོངས་གསུམ་ནང་ གནས་སྡུད་བསྡུ་སྒྲིག་འབདཝ་ད་ གསུམ་ཆ་ར་ནང་ལས་ གྲུབ་འབྲས་ཅོག་འཐདཔ་ ཐོན་ཡོད་རུང་ གཏན་འཁེལ་གྱི་དོན་ལུ་ ལེགས་ཤོམ་སྦེ་ བལྟ་ཞིབ་འབད་དགོཔ་ལས་   དེ་གི་གྲུབ་འབྲས་ ཟླཝ་༡ གི་ནང་འཁོད་ལུ་ འཐོན་འོང་ཟེར་ཨིན་པས།
གོ་པི་ནར་ཐར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨིནསི་ཊེན་ཊཱལ་ཟེར་མི་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ ཞིབ་དཔྱད་རྐྱབ་པའི་སྐབས་ ལྟ་རྫོང་གི་ ས་ཁོངས་ནང་ འདར་གསིག་གི་ སྐད་དུམ་གྲ་རེ་ཡོད་པའི་ ངོས་འཛིན་བྱུང་ཡོད་རུང་ གནོད་པ་སྦོམ་ཅིག་ མིན་འདུག་ཟེར་ཨིནམ་ད་ དེ་གི་སྐོར་ལས་ ཁ་གསལ་ཞིབ་དཔྱད་འབད་བའི་ཤུལ་ལས་ ཤེས་ཚུགས་ཟེར་ཨིན་པས།
རྡོ་རིག་མཁས་མཆོག་༢ ད་རིས་ རྒྱ་གར་ལུ་ ལོག་འགྱོ་དོ་ཡོདཔ་ད་ ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ལོ་༢༠༡༣ ཟླཝ་དང་པའི་ ཟླ་མཇུག་ཁམས་ལུ་ འཐོབ་ཚུགས་ནི་ཨིན་པས།
ཆུ་མཛོད་རྐྱབ་པའི་བསྒང་ཡོད་མིའི་བྱག་ཚུ་ ཀྲོང་གསར་རྫོང་མཐོང་གསལ་ཆེ་བའི་ མགྲོན་ཁྱིམ་དང་གཅིག་ཁར་ སྦྲེལ་མཐུད་ཡོད་ག་ཟེར་ དྲི་བའི་ལན་ལུ་ གོ་པི་ ནར་ཐར་གྱིས་ སླབ་མིའི་ནང་ ད་ལྟོ་ཐོབ་ཡོད་མི་ གནས་སྡུད་ཚུ་ ཞིབ་དཔྱད་རྐྱབ་ཞིནམ་ལས་རྐྱངམ་གཅིག་ ཤེས་ཚུགས་ཟེར་ཨིན་པས།
མཁས་མཆོག་གཉིས་ཀྱིས་ གནོད་སྐྱོན་བྱུང་ཡོད་པའི་ སྙན་ཞུ་འབད་མི་ ས་ཁོངས་གསུམ་ཆ་རའི་ནང་ འཕྲུལ་ཆས་ཚུ་བཙུགས་ཏེ་ ཞིབ་དཔྱད་འབད་ཐོག་ལས་ ཤེལ་དུམ་ཚུ་ སྦྱར་བཞག་ཡོདཔ་ཨིན་པས།
ལྟ་རྫོང་འགྲེམ་སྟོན་ཁང་གི་ ཅ་རྙིང་འཛིན་སྐྱོང་པ་ བློ་གྲོས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ མཁས་མཆོག་༢ ཀྱིས་ ཉིནམ་དག་པ་ཅིག་གི་ཧེ་མར་ ལྟ་རྫོང་གི་ ས་ཁོངས་ནང་ འཕྲུལ་ཆས་ཚུ་ བཙུགས་ཡོདཔ་ཨིན་རུང་ ཤེལ་དུམ་ཚུ་ ཆུང་ཀུ་ཡོདཔ་ལས་ གས་རྫས་གས་པའི་སྐབས་ འདར་གསིག་རྐྱབ་སྟེ་འབད་རུང་ ཆག་མི་འགྱོ་ནི་བཟུམ་འདུག་ཟེར་ཨིནམ་ད་ རྫོང་ཁག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཤེལ་སྦོམ་སྦྱར་བ་ཅིན་རྐྱངམ་གཅིག་ འདར་གསིག་རྐྱབ་ད་ བརྡ་སྟོན་ཚུགས་ནི་མས་ཟེར་ཨིན་པས།
ཀྲོང་གསར་རྫོང་བདག་ ཚེ་དབང་རིག་འཛིན་གྱིས་ གནད་དོན་དེ་གི་སྐོར་ལས་ ཟླཝ་༡ དེ་ཅིག་གི་ཧེ་མར་ ཤེས་རྟོགས་བྱུང་སྟེ་ མང་སྡེ་ཆུ་ལས་འགུལ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རྒྱ་གར་གྱི་ མཁས་མཆོག་གཉིས་ འབོ་ནུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment