གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པད་གླིང་མཚོ་སྐམ་མིའི་ ཉམས་སྲུང་གི་ལཱ་འབད་ནི།

༢༦/༡༢/༢༠༡༢   ༉ མར་ཉམས་ཀྱི་གནས་སྟངས་ཁར་ཐུག་ཡོད་པའི་ ངང་ལམ་ བདེ་ཆེན་གླིང་རྒེད་འོག་གི་ པད་གླིང་མཚོ་དེ་ ཉམས་སྲུང་གི་དོན་ལུ་ མཐའ་འཁོར་ལས་ཕར་ སྐྱེ་ཤིང་འཛུགས་སྐྱོང་འབད་དེ་ འཕྲལ་མགྱོགས་ར་ ལྕགས་ཀྱི་ར་བ་རྐྱབ་ནི་ཨིན་པས།


དེ་ཡང་ སྤྱི་ལོ་༡༩༨༠ ལུ་ བདེ་ཆེན་གླིང་གི་མི་ཚུ་ལུ་ འབྱ་འཛུགས་སྐྱོང་འཐབ་ནི་གི་ ཆུ་ཞིང་མེད་པའི་སྐབས་ མཚོ་དེ་གི་ཉེ་འདབས་ལས་ཕར་ཡོད་པའི་ ནགས་ཚལ་ཚུ་བསལ་ཏེ་ འབྱ་ཞིང་བཟོ་ཡོདཔ་ད་ ནགས་ཚལ་དེའི་སྦུག་ལུ་ པད་གླིང་མཚོ་དེ་ ཆགས་ཡོདཔ་ཨིན་པས།
མཚོ་དེ་གི་མཐའ་འཁོར་ལས་ཕར་ སོ་ནམ་གྱི་ལཱ་ཚུ་འབད་ནི་འགོ་བཙུགས་ཞིནམ་ལས་ཚུར་ མཚོ་དེ་ རིམ་གྱིས་སྦེ་ སྐམ་ནི་འགོ་བཙུགས་ཅི་ཟེར་ བདེ་ཆེན་གླིང་གི་རྒཔོ་ བསོད་ནམས་རིན་ཆེན་གྱིས་བཤད་པའི་ཁར་ ཤུལ་ལས་ད་རུང་ མཐའ་འཁོར་གྱི་ འབྱ་ཞིང་ཚུ་ ཆུ་ཚང་འདམ་ཚང་ལུ་གྱུར་ཏེ་ མི་ཡང་ལམ་འགྱོ་མ་ཚུགསཔ་ལས་ ས་ཆ་དེ་ནང་ འབྱ་འཛུགས་སྐྱོང་འཐབ་ནི་ཚུ་ཡང་ བཤོལ་བཞག་སྟེ་ ལོ་ངོ་༡༠ དེ་ཅིག་སོང་ཡི་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ འདམ་ཚང་དེ་ནང་ སྒོ་ནོར་སེམས་ཅན་ཚུ་འཛུལ་ཞིནམ་ལས་ ལོག་འཐོན་མ་ཚུགས་པར་ ཤི་རྐྱེན་བྱུང་བའི་གནད་དོན་ཚུ་ཡང་ ཡོད་ཟེར་ཨིནམ་མ་ཚད་ གནད་དོན་དག་པ་ཅིག་ནང་ མི་ཡང་འདམ་ཚང་དེ་ནང་ འཛུལ་བའི་ཤུལ་ལུ་ ཐོན་མ་ཚུགས་པར་ ཤི་རྐྱེན་བྱུང་ཡོད་པའི་ ལོ་རྒྱུས་ཡང་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ ཉེན་ཅན་གྱི་གནས་སྟངས་ལུ་བརྟེན་ སྒོ་ནོར་ཚུ་འདམ་ཚང་གི་ ས་ཁོངས་དེ་ནང་འགྱོ་ནི་ལས་བཀག་ནི་དང་ མཚོ་སྐམ་ནི་ལས་སྲོང་སྐྱོབ་ཀྱི་དོན་ལུ་ བདེ་ཆེན་གླིང་རྒེད་འོག་དང་ ངང་ལམ་དྲུང་ཁག་གིས་ ལས་འགུལ་ཅིག་འཆར་བཀོད་འབད་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པི་ལུ་ མ་དངུལ་གྱི་གྲོགས་རམ་གྱི་དོན་ལུ་ གྲོས་འབུལ་བཙུགས་མི་དེ་ ཆ་འཇོག་ཐོག་ མ་དངུལ་གྲོགས་རམ་ཐོབ་ཡོདཔ་ལས་ ལས་འགུལ་དེ་གི་ལཱ་ཚུ་ སང་ཕོད་ སྤྱི་ཟླ་༣ པའི་ནང་ལས་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་འདི་གི་དོན་ལུ་ གྲོགས་རམ་མ་དངུལ་དངུལ་ཀྲམ་ས་ཡ་༢ ལྷགཔ་ཅི་ཐོབ་ཡོདཔ་ད་ མ་དངུལ་འདི་གི་ཐོག་ལས་ ཤིང་གི་ལྕངམ་བཙུགས་ནི་དང་ ས་ཆ་ཨེ་ཀར་༡༠༠ དེ་ཅིག་ནང་ སྒོ་ནོར་སེམས་ཅན་འཛུལ་ནི་ལས་བཀག་ཐབས་ལུ་ ལྕགས་སྐུད་ར་བ་རྐྱབ་ནི་ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ ས་ཆ་ཨེ་ཀར་༡༠༠ གི་ནང་ལས་ སྒེར་ས་ཨེ་ཀར་༥༠ དང་༦༠ གི་བར་ན་འོང་ནི་ཨིནམ་ད་ མཚོ་དེ་ ཉམས་སྲུང་ལས་འགུལ་གྱི་ས་ཁོངས་ནང་ཚུད་མི་ འདམ་ཚང་དེ་ནང་ སྒེར་ས་ཨེ་ཀར་༡༠ ཡན་ཆད་ཡོད་མི་ཚུ་ལུ་ ས་ཚབ་དང་ ཨེ་ཀར་༡༠ མན་ཆད་འབད་མི་ཚུ་ལུ་ རྒུད་འཐུས་སྤྲོད་ནི་ཨིན་ཟེར་ཨིན་པས།
ས་ཁོངས་དེ་ནང་ ཤིང་གི་ལྕངམ་ཚུ་ཡང་ འདམ་ཚང་ནང་ལེགས་ཤོམ་སྦེ་སྐྱེས་བཏུབ་མི་ ས་གནས་ཀྱི་ཁ་སྐད་ལས་ པད་གླིང་ཟེར་སླབ་མིའི་ ཤིང་གི་ལྕངམ་ཚུ་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment