གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོག་ཆུ་ལེགས་བཅོས་ཀྱི་ ཆུ་རྫིང་སྐོར་ར་རྐྱབ་སྟེ་ ཉེན་སྲུང་གི་རྩིགཔ་རྐྱབ་དོ་ཡོདཔ།

༢༠/༡༢/༢༠༡༢   ཨ་རྟག་འབད་བ་ཅིན་ ཉ་ཚུ་ལུ་ ལྟོ་བྱིན་མི་མ་ཆད་པར་ འོང་དོ་ཡོདཔ་ཨིན་རུང་ རྐྱེན་ངན་བྱུང་བའི་ཤུལ་ལས་ མི་ག་ཡང་ ཆུ་རྫིང་གི་ས་ཁོངས་ནང་ མི་འཛུལ་དོ་ཡོདཔ་ཨིན་པས།
༉ ཕུན་ཚོགས་གླིང་ བཙོག་ཆུ་ལེགས་བཅོས་ཀྱི་ ཆུ་རྫིང་མཐའ་འཁོར་ལུ་ སྤག་ཅུང་གི་རྩིགཔ་ རྐྱབ་ནིའི་ལཱ་བརྒྱ་ཆ་༢༠ དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ རྩིགཔ་རྐྱབ་ཚར་བའི་ཤུལ་ལས་ ཉེན་ཁ་མི་འོང་ཟེར་ཨིན་པས།
ལཱ་བརྒྱ་ཆ་༢༠ དེ་ཅིག་ མཇུག་བསྡུ་ཡོད་པའི་ ཕུན་ཚོགས་གླིང་ བཙོག་ཆུ་ལེགས་བཅོས་ཀྱི་ཆུ་རྫིང་།


ཆུ་རྫིང་གི་མཐའམ་བདའ་སྟེ་ རྩིགཔ་རྐྱབ་དགོ་མི་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ནང་ བུམོ་ཅིག་དང་ཨ་པ་ དེ་ལས་ ཨ་རྒས་༣ གྱིས་ཆུ་རྫིང་ནང་ ཉ་ཚུ་ལུ་ ལྟོ་བྱིན་པར་འགྱོ་བའི་ཤུལ་ལུ་ ཨ་པ་དང་བུམོ་༢ ཆུ་རྫིང་ནང་ ཐིམ་མི་ལུ་བརྟེན་ ཉེན་སྲུང་གི་དོན་ལུ་ཨིན་པས།
དེ་ལས་འགོ་བཟུང་སྟེ་ མི་མང་གིས་ ཁྲོམ་སྡེའི་འགོ་དཔོན་ཚུ་ལུ་ ཆུ་རྫིང་གི་མཐའམ་བདའ་སྟེ་ ཉེན་སྲུང་གི་ ཐབས་ལམ་བསྒྲིག་དགོ་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ས་ཆ་ཨེ་ཀཱར་༥ འབད་མི་ བཙོག་ཆུ་ལེགས་བཅོས་ཀྱི་ཆུ་རྫིང་དེ་ རཝ་རྐྱབ་སྟེ་ཡོདཔ་ད་ མི་མང་གིས་ ཁྲོམ་སྡེའི་འགོ་དཔོན་ཚུ་ལུ་ ཆུ་རྫིང་དེ་ ཉེན་ཁ་ཅན་གྱི་ ས་ཁོངས་ཅིག་ཨིནམ་ཤེས་རུང་ ཆུ་རྫིང་རེ་རེ་བཞིན་དུ་ལུ་ རཝ་མ་རྐྱབ་པར་བཞག་དགོ་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས། 
རྐྱེན་ངན་དེ་ འགོ་དང་པ་ཨིན་རུང་ མི་མང་གིས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་འཛིན་གྱིས་ རྐྱེན་ངན་མ་བྱུང་བའི་ཧེ་མར་ ཉེན་སྲུང་གི་ཐབས་ལམ་མ་བཏོན་པའི་ ཉེས་ཁ་བཀལཝ་ད་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་རུང་ མི་མང་གིས་ ཉེན་ཁ་ཡོདཔ་ཤེས་བཞིན་དུ་ བཙོག་ཆུ་ལེགས་བཅོས་ཀྱི་ ཆུ་རྫིང་ནང་སོང་ནུག་ཟེར་ཨིན་པས།
ཧེ་མ་ ཁྲོམ་སྡེ་གིས་ ག་དེ་མགྱོགས་མགྱོགས་ ཉེན་སྲུང་གི་ཐབས་ལམ་བཏོན་ནིའི་ ཁ་བཟེད་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་དཔོན་ ཚེ་བརྟན་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མི་མང་གིས་ དྲནམ་མ་བཏོན་ནི་དེ་གིས་ རྐྱེན་ངན་དེ་ མི་མང་ལུ་ དྲན་ཚོར་བཟུམ་ཅིག་དང་ དེ་བཟུམ་གྱི་ རྐྱེན་ངན་མི་བྱུང་ནིའི་དོན་ལུ་ ཐབས་ལམ་བཏོན་དགོཔ་ཁག་ཆེ་ཟེར་ཨིན་པས།
ཌི་སི་ དི་མཱལ་གྱིས་ སླབ་མིའི་ནང་ མི་ཊར་༣ འབད་མི་ སྤག་ཅུང་གི་ རྩིགཔ་རྐྱབ་ནིའི་ལཱ་དེ་ ཟླཝ་༡ གི་ཧེ་མ་ལས་ འགོ་བཙུགས་ཡོདཔ་ད་ ཟླཝ་དག་པ་ཅིག་གི་ཤུལ་ལས་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ས་ཁོངས་ག་ར་ལུ་ རྩིགཔ་རྐྱབ་ཞིནམ་ལས་ མི་མང་ག་གིས་ཡང་ ཧེ་མ་བཟུམ་སྦེ་ ས་ཁོངས་ནང་འཛུལ་ཏེ་ ཉ་ཚུ་ལུ་ ལྟོ་བྱིན་པར་འགྱོ་མི་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ རཝ་རྐྱབ་ནིའི་ འཆར་གཞི་དེ་ རྐྱེན་ངན་བྱུང་ཚར་བའི་ཤུལ་ལས་དང་ མི་མང་གིས་ ཁ་ཉེས་བཀལ་བའི་ཤུལ་ལས་མེན་པར་ ཧེ་མ་ལས་ བརྩམས་ཏེ་ཡོད་ཟེར་ཨིན་པས།
མི་ཊར་༤.༥༢ འབད་མི་ རཝ་དེ་གིས་ མི་ཚུའི་ཉེན་སྲུང་ལུ་ ཕན་ཐོགས་པའི་རེ་བ་དང་ རྐྱེན་ངན་དེ་བྱུང་བའི་ཤུལ་ལུ་ མི་ག་ཡང་ འཛུལ་མ་ཆོག་པའི་ཁར་ མི་ཚུ་གིས་ ཉ་ཚུ་ལུ་ ལྟོ་བྱིན་པར་འོང་ནི་དེ་ཡང་ མ་ཆོགཔ་སྦེ་བཟོ་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
ཨིན་རུང་ བཙོག་ཆུ་ལེགས་བཅོས་ཀྱི་ ཆུ་རྫིང་ཉེ་འདབས་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ མི་མ་ཆད་པར་འོང་སའི་ ས་ཁོངས་ཅིག་ཨིན་རུང་ རྐྱེན་ངན་བྱུང་བའི་ཤུལ་ལས་ མི་ག་ཡང་ ས་ཁོངས་ནང་ འཛུལ་སར་མ་མཐོང་ཟེར་ཨིན་པས།
རྩིགཔ་རྐྱབ་མི་དེ་གིས་ ས་ཁོངས་ནང་འཛུལ་ནི་ལས་ བཀག་ཚུགས་པའི་རེ་བ་ཡོད་ཟེར་ ནང་གི་ཨམ་ཅིག་གིས་ སླབ་ཨིན་པས།
ས་ཁོངས་ཨེ་ཀར་༥ འབད་མི་ བཙོག་ཆུ་ལེགས་བཅོས་ཀྱི་ ཆུ་རྫིང་དེ་ སྤྱི་ལོ་༡༩༩༦ ལུ་ བཟོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment