གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བཙག་འཐུ་འབད་ནི།

༡༩/༡༢/༢༠༡༢   ༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བཙག་འཐུ་འབད་ནིའི་དོན་ལུ་ མི་ངོ་༦ གདམ་འཐུ་འབད་ཡོད་པའི་གྲས་ལས་༥ གིས་ བཅའ་མར་མི་གཏོགས་ནི་ཨིན་རུང་ སེངྒེ་ཚོང་ལས་སྡེ་ཚན་གྱི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་ལུ་ གཙོ་འཛིན་སྦེ་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ ད་རིས་ གདམ་འཐུ་འབད་ནི་ཨིན་པས།


མི་ངོའི་གྲངས་སུ་ གདམ་འཐུ་འབད་དེ་ཡོད་རུང་ བཅའ་མར་མ་གཏོགས་མི་དེ་ ད་ལྟོ་ གཙོ་འཛིན་གྱི་འགན་ཁུར་འབག་མི་ སྟོབས་རྒྱས་རྡོ་རྗེ་དང་ རི་བར་བིའུ་གི་ སངས་རྒྱས་དབང་ཕྱུག་ བློན་པོ་བགྲེསཔ་སངས་རྒྱས་དངོས་གྲུབ་ ཚོགས་དཔོན་བགྲེསཔ་ཨྱོན་རྡོ་རྗེ་ དེ་ལས་ གཙོ་འཛིན་འོག་མ་ བསོད་ནམས་སྟོབས་རྒྱས་རྡོ་རྗེ་ཚུ་ཨིན་པས།
སྟོབས་རྒྱས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་མ་གཏོགས་དགོ་མི་དེ་ཡང་ ཁོ་ར་ ལཱ་གཞན་འབད་ནི་ ལེ་ཤ་ཡོདཔ་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ནང་ དུས་ཚོད་ཧྲིལ་བུམ་སྦེ་ བྱིན་མི་ཚུགས་པས་ཟེར་ཨིནམ་ད་ ཁོ་གིས་ གཙོ་འཛིན་སྦེ་ འགན་ཁུར་འབག་པའི་སྐབས་ ཚོང་སྡེ་གོང་འཕེལ་གྱི་ལཱ་ནང་ ཤུགས་བཏོན་ཡི་ཟེར་ཨིན་པས།
དྲག་ཤོས་ཨྱོན་རྡོ་རྗེ་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་སྦེ་ ལོ་ངོ་༡༨ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༩ ལུ་ སྟོབས་རྒྱས་རྡོ་རྗེ་གིས་ གཙོ་འཛིན་གྱི་ འགན་ཁུར་འབག་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་འོག་མའི་དོན་ལུ་ གདམ་འཐུ་འབད་མི་ མི་ངོ་༦ གི་གྲས་ལས་ གཙོ་འཛིན་བགྲེསཔ་ འཕྲིན་ལས་དཔལ་ལྡན་གྱིས་ བཅའ་མར་མི་གཏོགས་ནི་ཨིན་པས།
གཙོ་འཛིན་འོག་མའི་ནང་ བཅའ་མར་གཏོགས་མི་ རིག་གསུམ་བརྡ་དོན་འཕྲུལ་རིག་གི་ཁྲི་འཛིན་ བཙན་བཙན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ བཅའ་མར་མི་གཏོགས་ནི་ཨིན་རུང་ ཧཱ་དང་ དར་དཀར་ནང་གི་ ཚོང་པ་ཚུ་གིས་ གདམ་འཐུ་འབད་དེ་ཡོདཔ་ལས་ བཅའ་མར་གཏོགས་དགོཔ་ཐོན་ཡི་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ རྒྱལ་ཁ་ཐོབ་པ་ཅིན་ ཚོང་སྡེ་ལུ་ ཞབས་ཏོག་གང་དྲག་ཞུ་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན་མས་ཟེར་ཨིན་པས།
གཙོ་འཛིན་འོག་མའི་བཙག་འཐུ་ནང་ འགོ་དང་པ་ གདམ་འཐུ་འབད་མི་དེ་ ཡར་སྐྱེད་ཚོང་ལས་སྡེ་ཚན་གྱི་ཁྲི་འཛིན་ ཨམ་ཕུརཔ་བཟངམོ་དང་ བསམ་གྲུབ་ལྗོངས་མཁར་ བདེ་ཆེན་སློབ་གྲྭ་ཆུང་བའི་ བདེ་ཆེན་དབང་མོ་༢ ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ཏེ་ ཨམ་སྲུ་གདམ་འཐུ་འབད་མི་ཐོནམ་དང་ ངལ་རངས་པའི་ཁར་ ད་རེས་ནངས་པ་ ཚོང་ལཱ་འབད་མི་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༦༠ དེ་ཅིག་ ཨམ་སྲུ་འདུག་ཟེར་ཨིན་པས།
ད་རུང་ གཙོ་འཛིན་འོགམ་གི་དོན་ལུ་ དོ་འགྲན་འབད་མི་ ཀེན་པ་ཚོང་སྡེ་གི་ གཙོ་འཛིན་འགོ་དཔོན་ རྡོ་རྗེ་ཚེ་རིང་དང་ འབྲུག་ཀོམ་གྱི་ཇོ་བདག་ རིན་འཛིན་རྡོ་རྗེ་ཨིན་པས།
ཐིམ་ཕུ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ ཀྲོང་གསར་ མོང་སྒར་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ བཀོད་ཁྱབ་འཐུས་མི་༦ ཡང་ བཙག་འཐུ་འབད་ནི་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་དེ་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༣ གྱི་རིང་ སྒེར་སྡེ་དང་ ལོ་བསྟར་འཆར་དངུལ་གྱི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དེ་ སྤྱི་ལོ་༡༩༨༠ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་ལྟོ་ ཐོ་བཀོད་འབད་དེ་ཡོད་མི་ ཚོང་སྡེའི་འཐུས་མི་༢༧,༠༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
བཙག་འཐུ་དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment